28062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱིངས་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition བོན། བོན་ཉིད་དབྱིངས་ཀྱི་མཆོད་རྟེན་བརྒྱ་དང་ཉི་ཤུའི་དབྱེ་གཞི་ཞིག་སྟེ། ལྔ་ནི། བོན་ཉིད་ཀྱི་དབྱིངས། རབ་འབྱམས་ཀྱི་དབྱིངས། དུ་མ་རོ་གཅིག་གི་དབྱིངས། སྤྲོས་མཐར་བྲལ་བའི་དབྱིངས། ཐིག་ལེ་ཉག་གཅིག་གི་དབྱིངས་དང་ལྔ་སྟེ། མདོ་དྲི་མེད་གཟི་བརྗིད་པོད་བརྒྱད་པ་ལས། དབྱིངས་ལས་རྣམ་པ་ལྔ་རུ་སྟེ། བོན་ཉིད་དབྱིངས་དང་རབ་འབྱམས་ཀྱི། དུ་མ་རོ་གཅིག་སྤྲོས་མཐའ་བྲལ། ཐིག་ལེ་ཉག་གཅིག་རྣམ་པ་ལྔ། ཞེས་སོ། །དེ་ཡང་བོན་ཉིད་དབྱིངས་ཀྱི་མཆོད་རྟེན་བརྒྱ་དང་ཉི་ཤུ་ནི་དབྱིངས་དེ་རེ་རེ་ལས་ཉི་ཤུ་རྩ་བཞི་རེ་དབྱེ་བས་དེ་ལྟར་གྱུར་ཡོད། རྣམ་གྲངས་རྒྱས་པོ་མདོ་དྲི་མེད་གཟི་བརྗིད་པོད་བརྒྱད་པར་གསལ།
Domain ཆོས་ལུགས།

{{#arraymap:དབྱིངས་རྣམ་པ་ལྔ་

|; |@@@ | | }}