28082

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱིབས་ཟིལ་གནོན་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་ནང་གསེས་བཞི་སྟེ། རང་གི་སེམས་རྟེན་བསམ་གཏན་དང་པོ་དང་གཉིས་པའི་དངོས་གཞི་གང་རུང་ལ་བརྟེན་ནས་ནང་རྣལ་འབྱོར་པ་རང་ཉིད་ཀྱི་ལུས་ལ་གཟུགས་ཅན་གྱི་འདུ་ཤེས་བཞག་ནས་རང་གི་དམིགས་ཡུལ་གཙོ་བོ་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་བ་རྣམས་ལ་བལྟ་ཞིང་དེ་ལས་བཟང་བ་དང༌། ཡང་ན་ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་ལས་ངན་པ་སྤྲུལ་ཏེ་དེ་དག་ཟིལ་གྱིས་མནན་ནས་ཤེས་པ་དང༌། ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟ་བུར་འདུ་ཤེས་པར་གྱུར་པ་ནི་ཟིལ་གནོན་དང་པོ་དང༌། དེ་བཞིན་དུ་གཟུགས་ཆེན་པོ་ལ་སྦྱར་ཏེ་ཟིལ་གནོན་གཉིས་པ་དང༌། རང་གི་སེམས་རྟེན་བསམ་གཏན་དང་པོ་དང་གཉིས་པའི་དངོས་གཞི་གང་རུང་ལ་བརྟེན་ནས་ནང་རྣལ་འབྱོར་པ་རང་ཉིད་ཀྱི་ལུས་ལ་གཟུགས་མེད་པར་འདུ་ཤེས་པའི་སྒོ་ནས་རང་གི་དམིགས་ཡུལ་གཙོ་བོ་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་བ་རྣམས་ལ་བལྟ་ཞིང་དེ་ལས་བཟང་བ་དང༌། ཡང་ན་ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་ལས་ངན་པ་སྤྲུལ་ཏེ་དེ་དག་ཟིལ་གྱིས་མནན་ནས་ཤེས་པ་དང༌། ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟ་བུར་འདུ་ཤེས་པར་གྱུར་པ་ནི་ཟིལ་གནོན་གསུམ་པ་དང༌། དེ་བཞིན་དུ་གཟུགས་ཆེན་པོ་ལ་སྦྱར་ཏེ་ཟིལ་གནོན་བཞི་པ་སྟེ། མཆིམས་མཛོད་ལས། དེ་ལྟར་བརྒྱད་པོ་དེ་དག་ལས་ཟིལ་གནོན་དང་པོ་གཉིས་ཀྱི་ངོ་བོ་དང༌། ས་དང༌། གང་གི་གཉེན་པོ་ཡིན་པ་དང༌། དམིགས་པ་ནི་ཇི་ལྟར་རྣམ་ཐར་དང་པོ་གཟུགས་ཅན་གཟུགས་ལ་ལྟ་བ་དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་ཟིལ་གནོན་གསུམ་པ་དང་བཞི་པ་གཉིས་ཀྱི་ངོ་བོ་དང༌། ས་དང༌། གང་གི་གཉེན་པོ་ཡིན་པ་དང༌། དམིགས་པ་ནི་རྣམ་ཐར་གཉིས་པ་གཟུགས་མེད་གཟུགས་ལ་ལྟ་བ་ཇི་ལྟ་བ་བཞིན་ནོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོོད་ལས། སྤྱིར་ཟིལ་གནོན་གྱི་སྐྱེ་མཆེད་ལ་དབྱིབས་དང་ཁ་དོག་གཉིས་ཆར་ལ་དམིགས་པ། དབྱིབས་རྐྱང་པ་ལ་དམིགས་པ། ཁ་དོག་རྐྱང་པ་ལ་དམིགས་པ་སོགས་ཡོད་པས་དེ་དག་རང་གི་དམིགས་ཡུལ་གྱི་གཙོ་བོ་གང་ལ་དམིགས་པ་དེ་དང་དེའི་ཟིལ་གནོན་དུ་འཇོག་དགོས་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དབྱིབས་ཟིལ་གནོན་བཞི་

|; |@@@ | | }}

དབྱིབས་ཟིལ་གནོན་བཞི་ (2)
Part of speech མིང་ཚིག
Definition དབྱིབས་ཟིལ་གནོན་བཞི་ནི་རིམ་པ་བཞིན་དུ་རྣལ་འབྱོར་པ་རང་ཉིད་ལ་གཟུགས་ཀྱི་འདུ་ཤེས་ཉེ་བར་བཞག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལ་མཛེས་མི་མཛེས་སོགས་སུ་བལྟ་ཞིང་དེ་རྣམས་ཟིལ་གྱིས་མནན་ནས་ཤེས་མཐོང་ཞེས་པའི་སྐྱེ་མཆེད་དང༌། ཡང་དང་པོ་དེ་ཉེ་བར་བཞག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་ཆེན་པོ་རྣམས་ལ་མཛེས་མི་མཛེས་སོགས་སུ་བལྟ་ཞིང་དེ་རྣམས་ཟིལ་གྱིས་མནན་ནས་ཤེས་མཐོང་ཞེས་པའི་སྐྱེ་མཆེད་དང༌། ནང་རྣལ་འབྱོར་པ་རང་ཉིད་ལ་གཟུགས་ཀྱི་འདུ་ཤེས་ཉེ་བར་བཤིག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་ཆུང་ངུ་རྣམས་ལ་མཛེས་མི་མཛེས་སོགས་སུ་བལྟ་ཞིང་དེ་རྣམས་ཟིལ་གྱིས་མནན་ནས་ཤེས་མཐོང་ཞེས་པའི་སྐྱེ་མཆེད་དང། ནང་རྣལ་འབྱོར་བ་རང་ཉིད་ལ་གཟུགས་ཀྱི་འདུ་ཤེས་ཉེ་བར་བཤིག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་ཆེན་པོ་སོགས་ལ་མཛེས་མི་མཛེས་སོགས་སུ་བལྟ་ཞིང་་དེ་རྣམས་ཟིལ་གྱིས་མནན་པས་སྒོ་ནས་སྒོམ་པར་བྱེད་དོ། །

{{#arraymap:དབྱིབས་ཟིལ་གནོན་བཞི་

|; |@@@ | | }}