28119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱུང་བས་ཕྱིར་བཅོས་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དབྱུང་བས་ཕྱིར་བཅོས་ཚུལ་ལ། ཡུལ་གང་ལ་དབྱུང་བ་ནོད་པ་སོགས་ལྔ་ཡོད་དེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དབྱུང་བས་ཕྱིར་བཅོས་ཚུལ་ཡོད་དེ། ཡུལ་གང་ལ་དབྱུང་བ་ནོད་པ། རྟེན་གྱི་གང་ཟག་གང་གིས་ནོད་པ། ལྟུང་བ་གང་དག་པའི་དོན་དུ་ནོད་པ། ཆོ་ག་གང་གིས་ནོད་པ། སྒྲ་བཤད་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བཞི་བཅུ་འམ་ཉི་ཤུའི་གྲངས་ཚང་བའི་དགེ་འདུན་མཚན་ཉིད་དང་ལྡན་པ་ལ་དབྱུང་བ་ནོད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཐུན་མོང་བ་ཆོས་བརྒྱད་ཀྱི་སྟེང་དུ་གང་ཟག་ཁྱད་པར་ཅན་མ་ཡིན་པ་མགུ་བ་སྤྱོད་པའི་དགེ་སློང་དེས་ནོད་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ལྷག་མའི་ལྟུང་བ་དངོས་གཞི་ཡིན་པ། གང་ཟག་ཁྱད་པར་ཅན་མ་ཡིན་པའི་རྒྱུད་དང་འབྲེལ་བར་ཡོད་པ། ངོ་བོ་ཤེས་ཤིང་དྲན་པར་ནུས་པ། བཅབས་པ་དང་མི་ལྡན་པའི་ལྟུང་བ་དེ་དག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བཞི་པ་ཆོ་ག་གང་གིས་དབྱུང་བ་ལ་གསུམ་ལས་སྦྱོར་བ་སྔར་བཞིན་དང་། དངོས་གཞི་གསོལ་བཞིའི་ལས་ཀྱིས་བྱ་བ་ལ་ཁྱད་པར་ནི་གསོལ་བ་དང་བརྗོད་པ་དང་པོའི་བར་དུ་བསྡིགས་པར་བྱ་ཞིང་། མཇུག་གཟེངས་བསྟོད་པར་བྱེད་དེ། མདོར། དེ་གཉིས་ལས་ཀྱིས་སྦྱིན་ནོ། དབྱུང་བ་ཡང་ངོ་། དེར་བསྡིགས་པ་ཡང་ངོ་། གསོལ་བ་དང་བརྗོད་པ་དང་པོའི་བར་དུའོ། རྩྭ་བཀྲམ་པ་ལྟ་བུར་འགྱེལ་བ་ལའོ། གཟེངས་བསྟོད་པ་ཡང་ངོ་། བརྗོད་པ་བྱས་མ་ཐག་ཏུའོ་ཞེས་གསུངས་སོ། །འོ་ན། མདོར། དེ་གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མ་དེ་བྱུང་ན་མནོས་ཏེ་བྱས་པ་དེ་གཉིས་ཞིག་པས་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་ནོ་ཞེས་པའི་དོན་ཇི་ལྟར་ཡིན་ཞེ་ན། བཤད་དུ་ཡོད་དེ། ལྷག་མ་བཅབས་པའི་ཉེས་པ་འདག་ཕྱིར་དུ་སྤོ་བ་ནོད་དེ། འཆགས་ནས་སྤྱོད་པ་ཉིད་ན་ཞག་ལོན་པའི་ཚེ། ལྷག་མའི་བཅབས་ཉེས་རིགས་འདྲ་གཉིས་པ་བྱུང་བའི་དགེ་སློང་གིས་སྔར་སྤོ་བ་ནོད་དེ་སྤྱད་པ་ཞིག་པས་གཞི་ནས་སྤོ་བ་ནོད་དགོས་ཞེས་པའི་དོན་ཡིན་པའི་ཕྱིར། མགུ་བ་སྤྱོད་པ་ལའང་དེ་དང་འདྲའོ། །འོ་ན། དགེ་སློང་དེས་སྔར་གྱི་སྤོ་མགུའི་འཕྲོ་མནོས་ཏེ་སྤྱད་པ་ཙམ་གྱི་ཆོག་གམ་སྙམ་ན་མི་ཆོག་སྟེ། མདོར། བརྩམས་པ་ནི་མཐར་ཐུག་པར་བྱ་བ་དང་འདྲའོ་ཞེས་འབྱུང་བ་ལས། སྤོ་མགུ་ཞིག་པའི་རྗེས་སུ་གཞི་ནས་སྤོ་མགུ་སྦྱིན་པར་བརྩམས་པ་ནི་དངོས་གཞི་ཞག་གྲངས་མཐར་ཐུག་པ་མནོས་ཤིང་སྤྱོད་དགོས་པ་ལ་སྤོ་མགུ་གསར་དུ་མནོས་པའི་སྤྱོད་པ་དང་འདྲ་བ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། དམན་པའི་ས་ནས་རང་བཞིན་དུ་གནས་པའི་སར་དབྱུང་བར་བྱེད་པས་དེ་སྐད་དུ་བརྗོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དབྱུང་བས་ཕྱིར་བཅོས་པ་

|; |@@@ | | }}