2814

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཆེ་གུར་ཀུམ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་རྩི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་དཀར་པོ་རྡོག་གཅིག་སྒོག་གཅིག་མ་འདྲ་བ་ཆེ་ཆུང་སྣ་ཚོགས་མཆིས་ཤིང་། ལོ་མ་ཁ་འབུས་དུས་སྐྱི་པགས་སྔོ་སྐྱ་སྲབ་པོས་བཏུམ་ནས་སྐྱེ་ཞིང་། ཉིན་ཤས་སོང་རྗེས་སྐྱི་པགས་ཁ་གས་པའི་ནང་ནས་ལོ་མ་ལྗང་ལ་ཕྲ་ཞིང་འཇམ་མཉེན་སྐུད་དབྱིབས་ལྟར་སྐྱེ་བའི་དཀྱིལ་ཀོང་ཀོང་རྒྱབ་འབུར་བས་ཟུར་གསུམ། རྐང་བཅོ་ལྔ་ཡས་མས་མཉམ་དུ་ཆུན་པོ་ལྟར་སྐྱེ་བའི་རྟིང་པ་རྣམས་གོང་གསལ་ཁ་འབུས་དུས་ཀྱི་སྐྱི་པགས་དེས་བཏུམ་ནས་ཞབས་སྟེགས་ཤུབས་ལོ་ལྟ་བུར་གྱུར་པ་དང་། གོང་གི་ལོ་མ་རྣམས་རིམ་བཞིན་ཁྲུ་གང་ཙམ་ཡོད། མེ་ཏོག་མུ་དཀར་གྲེས་མའི་མེ་ཏོག་གི་དབྱིབས་འདྲ་བ་འདབ་མ་ཤིན་ཏུ་སྲབ་པ་དྲུག་ཡོད་པའི་ནང་ཟེའུ་འབྲུ་མདོག་དམར་སེར་སྨུག་པ་དྲི་ཞིམ་འཐུལ་བ་དེ་ལ་ཁ་ཆེ་གུར་གུམ་ཞེས་བྱ་བ་སྟེ། དེ་སྔ་རི་བོ་བྱ་རྐང་དང་། མ་ལ་ཡ། ཁ་ཆེའི་ཡུལ་སོགས་ནས་བྱུང་བ་ཡིན་ཞིང་། སི་ཕེན་རྒྱལ་ཁབ་ནས་བྱུང་བ་ཡག་ཤོས་སུ་རྩི། དེང་སྐབས་རྒྱལ་ཁབ་མང་པོས་འདེབས་འཛུགས་བྱེད་ཀྱི་ཡོད་ཅིང་མང་ཉུང་ལ་མ་ལྟོས་པའི་རྒྱལ་ཁབ་མང་པོ་ལ་ཡོད། སྨན་ལ་ཟེའུ་འབྲུ་སེར་སྨུག་དྲི་བཟང་བ་དེ་མེ་ཏོག་འཆར་སྐབས་བཏུས་ཏེ་དྲི་མ་མ་ཤོར་བར་སྣོད་ནང་བླུགས་ཏེ་དགོས་དུས་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་རྟུལ་ཞིང་འཇམ་པའོ། །ཕན་ནུས་མཆིན་པའི་ནད་རིགས་ཀུན་དང་། ཁྲག་ཤོར་གྱི་རིགས། ཟུངས་ཁྲག་ཉམས་པ། ཁྲག་གི་རྒྱུ་བ་ཞན་པ་སོགས་ལ་ཕན་པ་ཡིན། ཀུངྐུ་མ། དེ་ཟུར་ཆག་པ་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན། ཚིམ་བྱེད་དམར་ཞེས་འགྱུར་བར་དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས་གསུངས་ཡོད།
Keyword True

{{#arraymap:ཁ་ཆེ་གུར་ཀུམ་

|; |@@@ | | }}