2815
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བྱེ་བྲག་བཤད་མཚོའམ་བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱ་བའི་གཞུང་གི་རྗེས་སུ་འབྲངས་ནས་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་སྨྲ་བ་སྟེ། གནས་བརྟན་བྱང་བཟང་གིས། དུས་གསུམ་དག་རྫས་ཀྱི་བྱེ་བྲག་ཏུ་ཡོད་པར་སྨྲ་བས་སམ། བྱེ་བྲག་ཏུ་བཤད་པ་ཆེན་པོ་ཡི་གཞུང་དང་མཐུན་པར་སྨྲ་བས་དེ་དག་ལ་དེ་སྐད་ཅེས་བྱའོ་ཞེས་གསུངས་པ་ལྟར་ཡིན་ལ། བྱེ་བྲག་སྨྲ་བ་ལ་ཉི་འོག་བྱེ་བྲག་སྨྲ་བ་དང་། ཁ་ཆེའི་བྱེ་བྲག་སྨྲ་བ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་གསུམ་སྟེ། བྱེ་སྨྲ་དར་ཆེ་བའི་ཡུལ་གྱི་ཁྱད་པར་གྱིས་ཕྱེ་བའོ། ། |
{{#arraymap:ཁ་ཆེ་ཉི་འོག་ནུབ་ཕྱོགས་བྱེ་སྨྲ་བ་
|; |@@@ | | }}