28165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་མེ་བྱ་ཕྱི་ལོ་ ༡༨༩༧ ལོར་ཡབ་ཨོ་རྒྱན་རིག་འཛིན་དང་། ཡུམ་ཚེ་རིང་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཁུ་དབོན་མདོ་རྒྱུད་གྲགས་པ་ལས་ཡི་གེའི་འབྲི་ཀློག་བསླབས། གླག་བྲག་རྫོང་དགོན་དུ་མཁན་པོ་བསོད་ནམས་ཆོས་གྲུབ་ལས་གཞུང་ལུགས་གསན། གདན་ས་ཀླུ་མོ་རབ་ཏུ་གཞུང་ལུགས་ཀུན་ལ་ཐོས་བསམ་མཛད། ཡེ་ཤེས་དགོན་པའི་མཁན་པོ་ཚུལ་ཁྲིམས་མཆོག་རྒྱལ་ལས་བསྙེན་པར་རྫོགས། དབལ་ཁྱུང་གཏེར་སྟོན་བསྟན་གཉིས་གསང་སྔགས་གླིང་པ་དང་། ཧོར་བྲག་དཀར་སྤྲུལ་སྐུ་སོགས་རིས་མེད་ཀྱི་བླ་མ་མང་པོ་བསྟེན། འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་བསྟེན། འཕྲུལ་ངག་བོན་གྱི་རིང་ལུགས་གཙང་མའི་མདོ་རྒྱུད་ཀྱི་གཞུང་བཤད་དང་། རྫོགས་ཆེན་གྱི་མན་ངག་དབང་ཁྲིད་མ་ལུས་གསན། རེ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ས་ཕག་ཕྱི་ལོ་ ༡༩༥༩ ལོར་སྐུ་གཤེགས། གསུང་རྩོམ་ནི་སུམ་རྟགས་ཀྱི་འགྲེལ་བ་དང་། སྙན་ངག་གི་འགྲེལ་བ། རྩིས་ཡིག སྨན་སྦྱོར། མགུར་གླུ། ལུགས་གཉིས་བསྟན་བཅོས། འཛམ་གླིང་ཡུལ་བཤད། དྲིས་ལན་སྐབས་ལྔ་བ། གྲུབ་མཐའི་རྣམ་དབྱེ། བསྟན་གཉིས་དགོངས་པ་གཅིག་དྲིལ། དམ་པ་གསུམ་གྱི་བཤད་ཁྲིད། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་བཅས་པོ་ཏི་ལྔ་ཙམ་བཞུགས།

{{#arraymap:དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་

|; |@@@ | | }}