2817
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ཉིད་ཁ་ཆེར་ཡབ་ཡུམ་ཁྱད་འཕགས་ལས་སྐུ་འཁྲུངས་ཤིང་། མདོ་སྡེ་མྱང་འདས་ནས་ངེས་དོན་གྱི་བསྟན་པ་རྒྱས་པར་མཛད་པར་ལུང་བསྟན། དུས་ཞབས་པ་ལ་སོགས་མཁས་བཙུན་གྱི་ཞབས་ལ་གཏུགས་དུས། དབུགས་རེ་ལ་ཚིགས་སུ་བཅད་པ་རེ་རེ་ཟིན་པ་གཅིག་བྱུང་། འོན་ཀྱང་ཡབ་དེ་མུ་སྟེགས་པའི་ཆོས་ལ་མོས་པ་གཅིག་ཡོད་པ་ལས། ཡབ་ཀྱི་བཀའ་སྒྲུབ་པའི་ཆེད་དུ། དེའི་ཆོས་ལུགས་ལོ་བཅུ་གཉིས་ལ་བསླབ་པས་མ་ལུས་པ་ཤེས། ཡུམ་དེ་ནང་པ་སངས་རྒྱས་པ་ལ་ཤིན་ཏུ་མོས་པ་ཡིན་པས། ཡུམ་ན་རེ། ད་ནང་པ་སངས་རྒྱས་པའི་ཆོས་མ་ལུས་པ་སློབ་དགོས་ཟེར། ཡུམ་གྱི་བཀའ་སྒྲུབ་པའི་ཆེད་དུ། ཁ་ཆེའི་བྲམ་ཟེ་ཡེ་ཤེས་ཞབས་ཞེས་བྱ་བ་ནང་པ་སངས་རྒྱས་པའི་པཎྜི་ཏ་གཅིག་ལ་ཆོས་ཉན་ཞིང་བཞུགས་པའི་སྐབས། དེར་དབང་མདོར་བསྟན་གྱི་དཔེ་འཁྱར་བ་གཅིག་གཟིགས་པས། དེ་ལ་ཤིན་ཏུ་མོས་པར་བྱུང་ནས། འདི་ལྟ་བུའི་ཆོས་ལ་མཁས་པ་ག་ན་ཡོད་ཅེས་ཀུན་ལ་དྲིས་པས། རྒྱ་གར་གྱི་ཡུལ་ན་དུས་ཞབས་ཡབ་སྲས་བྱ་བ་ཡོད་ཟེར་བ་ཐོས་པས་རྒྱ་གར་དུ་བྱོན། སློབ་དཔོན་དུས་འཁོར་ཞབས་པ་ཡབ་སྲས་གཉིས་དང་མཇལ་ཏེ། དུས་ཀྱི་འཁོར་ལོ་དང་། བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་རྣམས་བསླབས། གཞན་ཡང་ཁོང་མངོན་པ་མཛོད་ལ་མཁས་པས། དེ་བསླབས་པས་ཤིན་ཏུ་མཁས་པས་འཇམ་དཔལ་དངོས་དང་མཉམ་པའི་གྲགས་པ་ཐོབ། དེ་ནས་མཆོག་དབང་གོང་མ་བསྐུར་ཏེ། སོར་སྡུད་ནས་སྦྱོར་དྲུག་རྫོགས་པར་གནང་སྟེ། ཉམས་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། ཁོང་གི་གཟིགས་སྣང་ལ་རིགས་ལྡན་གྱིས་ལུང་བསྟན་ནས། བོད་དུ་སོང་ཞིག་ངེས་དོན་གྱི་བསྟན་པ་རྒྱས་པར་འགྱུར་རོ། །ཞེས་གསུང་བ་ལ་བརྟེན་ནས་ཁོང་བོད་དུ་ཕེབས། ཁ་རག་དམར་ཉོས་ལ་བྱོན་ཏེ། འགྲེལ་པ་འགྲེལ་ཆེན་དྲི་མེད་འོད་བསྒྱུར་བ་ལ། གསེར་སྲང་བརྒྱ་རྫོང་བར་ཆད། པཎྜི་ཏ་མ་མགུ་བར་འགྲེལ་བ་ཕྱེད་ལས་མ་བསྒྱུར། འགྱུར་བྱེད་འཕྲོ་བསྣམས་ནས་འཕན་ཡུལ་གྲབ་ཏུ་བྱོན། ཞང་སོ་ཆུང་བས་བླ་མར་བཟུང་། འབྲོས་ལོ་ཙཱ་བ་བྱས་ནས་ཡོངས་སུ་རྫོགས་པར་བསྒྱུར། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས་པའི་སྒོམ་པ་དཀོན་མཆོག་བསྲུང་ཞེས་པ་མངོན་པ་དང་། ས་སྡེ་དང་། སྨན་དཔྱད་ཀྱི་གཙུག་ལག་ལ་ཤིན་ཏུ་མཁས་ཤིང་། ཡོན་ཏན་ཆེ་བར་གྲགས་པ་དེ་ཉིད་ཀྱིས་འབྱོར་བ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་བ་དང་། བདག་ཉིད་ཀྱི་སྐེ་ལ་དར་ཡུག་གཅིག་བཏགས་ནས་ལུས་ཕུལ་ནས་ཞབས་ཏོག་ཡུན་རིང་དུ་མཛད་ཅིང་། ཇི་ལྟར་གསུངས་པ་བཞིན་བསྒྲུབས་པས། གཞུང་གདམས་ངག་དང་བཅས་པ་མ་ལུས་པར་གནང་ངོ་། །བླ་མ་འདི་ཉིད་ཀྱི་ཕྱི་རྟེན་རིང་བསྲེལ་མང་པོ་འབྱུང་བ་ཞིག་འཕན་ཡུལ་རག་མའི་ནང་ན་དུས་དེང་སང་ཡང་འདུག་གསུངས་སོ། ། |
{{#arraymap:ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་
|; |@@@ | | }}