28193

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་ཅན་སྲོག་གི་སྒྲུབ་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དམ་ཅན་སྲོག་གི་སྒྲུབ་པ་ནི། མ་ཧཱ་ཡོ་གའི་སྒྲུབ་སྡེའི་རྣམ་གྲངས་གསུམ་གྱི་ཡ་གྱལ་ཞིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། སྒྲུབ་སྡེའི་རྣམ་གྲངས་ལ། དམ་ཅན་སྲོག་གི་སྒྲུབ་པ་དང་། དྲག་སྔགས་སྒྲུབ་པ་དང་། ངན་སྔགས་སྒྲུབ་པ་གསུམ་ལས། དང་པོ་ལ་འཇིག་རྟེན་ལས་འདས་པ་དང་མ་འདས་པའི་སྲོག་སྒྲུབ་པ་གཉིས་སུ་གསུངས་ཤིང་། འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་སྲོག་གསང་བ་སྡེ་དྲུག་གམ་རིགས་དྲུག་དང་། འཇིག་རྟེན་པའི་སྲོག་སྒྲུབ་ཐམས་ཅད་ལྷ་མ་སྲིན་སྡེ་བརྒྱད་དང་། དེ་ཡང་ཕོ་རྒྱུད་དང་མོ་རྒྱུད་གཉིས་སུ་འདུས་ཤིང་། འཇིག་རྟེན་ལས་འདས་མ་འདས་ཀྱི་ལྷ་གང་གི་སྲོག་བསྒྲུབས་ཀྱང་ཕྱི་ནང་གསང་གསུམ་གྱི་སྒྲུབ་ལུགས་གསུམ་གྱིས་སྒྲུབ་དགོས་ཚུལ་བཅས་རྒྱས་པར་བསྟན།
Domain ཆོས་ལུགས།

{{#arraymap:དམ་ཅན་སྲོག་གི་སྒྲུབ་པ་

|; |@@@ | | }}