2820
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཅིག་པའི་ལྕགས་མོ་བྱ་ལོའམ་ཕྱི་ལོ་༡༦༨༡ ལོར་དེ་སྔ་ཅི་ཙམ་འདས་པའི་ལོ་གྲངས་ནི་༢༢༢༤ འདས་པ་ཡིན་ཏེ། རྩིས་གཞུང་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་ཤིང་ལས། ཡང་ཨ་བྷ་ཡ། ཁ་ཆེ་པཎ་ཆེན། ནམ་མཁའ་བཟང་པོ་ལ་སོགས་པས་སྟོན་པ་མྱ་ངན་ལས་འདས་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་ཉིས་སྟོང་དང་ཉིས་བརྒྱ་ཉི་ཤུ་རྩ་བཞི་ཐལ་བར་འདོད་དེ། སློབ་དཔོན་ཨ་བྷ་ཡས་ཐུབ་པ་དགོངས་རྒྱན་དུ། ད་ལྟར་ནི་ལྔ་བརྒྱ་བཞི་པ་ལ་འཇུག་པར་གསུངས་པ་དང་། པཎ་ཆེན་ཤཱཀྱ་ཤྲཱིས་མེ་ཡོས་ཐང་པོ་ཆེར་རྩིས་ཏེ་འདི་ལྟར། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེ་རྗེས་ལོ་ནི་སྟོང་ཕྲག་གཅིག ། བདུན་བརྒྱ་དང་ནི་ལྔ་བཅུ་དང་། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་ལྔ་རབ་འདས། །ཞེས་གསུངས་ཏེ། དེ་ལྟ་བུའི་མེ་ཡོས་ནས་ད་ལྟའི་ལྕགས་བྱ་འདི་ཡན་ལ་ལོ་བཞི་བརྒྱ་དང་བདུན་ཅུ་དོན་བཞི་འདས་པ་དང་། ལོ་ཙཱ་བ་ནམ་མཁའ་བཟང་པོས་བལ་པོའི་གཏན་ཚིགས་སུ། རིག་བྱེད་མིག་དང་ཆུ་གཏེར་དང་། །ཟླ་བར་བལ་པོའི་ལོ་རྣམས་བསྲེ། །ཞེས་བཀོད་ཅིང་། བལ་ལོ་ནི་ད་ལྟའི་ལྕགས་བྱ་ཡན་ལ་འདས་ལོ་བརྒྱད་བརྒྱ་བསྲེ་བར་བཞེད་པའི་ཕྱིར་རོ། །ཞེས་བྱུང་། དེས་ན་ཕྱི་ལོ་༡༦༨༡ ནས་ཕྱི་ལོ་༢༠༡༥ ལོའི་བར་༣༣༤ ཡི་བར་ཁྱད་ཡོད་པ་དེ་ལུགས་འདིར་བསྣན་ན་ད་ལྟ་རབ་བྱུང་བཅུ་བདུན་པ་ཤིང་མོ་ལུག་གི་ལོའམ་ཕྱི་ལོ་༢༠༡༥ ལོའི་ཡན་ཆད་ལ་སྟོན་པ་འདས་པའི་ལོ་གྲངས་༢༥༥༨ ལོངས་ཚར་བ་ཡིན་ནོ། ། |
Domain | རྩིས་རིག |
{{#arraymap:ཁ་ཆེ་པཎ་ཆེན་ལུགས་ཀྱི་སྟོན་པའི་འདས་ལོ་
|; |@@@ | | }}