2821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཆེ་བྱེ་བྲག་སྨྲ་བ་ (1)
Part of speech མིང་ཚིག
Definition ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་གསེས་བྱེ་བྲག་སྨྲ་བ་ལ། གནས་གཞིའི་ཡུལ་གྱི་སྒོ་ནས་ཕྱེ་ན་ཁ་ཆེའི་ཡུལ་དུ་བཞུགས་པའི་ཁ་ཆེ་བྱེ་བྲག་སྨྲ་བ་དང༌། རྒྱ་གར་ཡུལ་དབུས་མ་གྷ་དྷ་རང་དུ་བཞུགས་པའི་ཉི་འོག་བྱེ་བྲག་སྨྲ་བ་གཉིས་ཡོད་པའི་དང་པོ་དེ་ཡིན། དེའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འཇོག་ཚུལ་སྐོར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་མངོན་པ་མཛོད་འགྲེལ་པ་དང་བཅས་པའི་ནང་གཙོ་བོར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་འདོད་ཚུལ་གསུངས་ཡོད་ཅིང༌། བོད་འགྲེལ་ལེགས་ཤོས་མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན་ཡིན།

{{#arraymap:ཁ་ཆེ་བྱེ་བྲག་སྨྲ་བ་

|; |@@@ | | }}