From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དམ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བསྟན་པ་ལ་ཕན་པ་སྒྲུབ་མཁན་ལ་ཟེར།
|
| Example
|
ཁོང་སྐྱེ་བུ་དམ་པ་ཞིག་རེད། དགེ་བའི་བཤེས་གཉེན་དམ་པ་ལྟ་བུ།
|
དམ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཤི་བའི་མི། ཡུལ་ཕྱོགས་ཁ་ཤས་ཀྱི་དྲིན་ཆེན་གྱི་ཕ་མེས་ཤི་བ་རྣམས་ལ་གུས་ཞབས་ཀྱི་ཚུལ་དུ་དམ་པ་ཞེས་འབོད།
|
| Type
|
ཡུལ་སྐད།
|
དམ་པ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
དམ་པོ་ཡི་བསྡུར་རིམ་གཉིས་པ། རས་སོགས་ཚགས་དམ་པའམ་བར་མཚམས་ཞིབ་པའི་དོན།
|
| Example
|
རས་ཚགས་དམ་པ། ཕྲུག་ཚགས་དམ་པ་ལྟ་བུ།
|
| Antonyms
|
ལྷོད་པ།
|
དམ་པ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
ཡང་དག་པའམ་མཆོག་ཏུ་གྱུར་པའི་དོན།
|
| Example
|
དམ་པའི་ཆོས། དམ་པའི་བསླབ་བྱ་ལྟ་བུ།
|