28227
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྙིང་མ། ཁྱེའུ་བདེ་སྐྱོབ། ཁྱེའུ་དྲིལ་ཏ། ཁྱེའུ་དཔའ་བྱིན། ཁྱེའུ་ལས་བྱིན། ཁྱེའུ་དུམ་བུ་ར་དང་ལྔའོ། །མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་སྔོན་འདས་པའི་བསྐལ་པ་མངོན་པར་དགའ་བའི་དུས་སུ། སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན་པའི་མཐའ་མ་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་པའི་བསྟན་པ་ལ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཇུག་འདོད་པའི་རྒྱལ་རིགས་དམངས་རིགས་རྗེ་རིགས་བྲམ་ཟེའི་རིགས་གདོལ་པའི་རིགས་དང་ལྔ་ལས་འབྱུང་བའི་གང་ཟག་ཁྱེའུ་ལྔ་སྟེ། ལྔ་པོ་སྟོན་པ་དེའི་སྐུ་མདུན་སེམས་བསྐྱེད་ནས་བསྐལ་པ་དུ་མའི་མཐར་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱས་པར་གསུངས། གཞན་ཡང་མཆོག་ཆེན་པོ་ལྔ་དང་རིགས་ལྔ་བཅས་ལའང་གྲགས། |
Domain | ལོ་རྒྱུས། |
{{#arraymap:དམ་པའི་ཁྱེའུ་ལྔ་
|; |@@@ | | }}