28246
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བྱུང་བ་སྟེ། ༡ ཀུན་ནས་ཉོན་མོངས་པའི་རང་བཞིན་ཅན་གྱི་མི་གང་ཟག་དེ་ལྟ་བུ་སྐྱེ་བོ་མང་པོ་ལ་བདེ་བ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཇིག་རྟེན་དུ་འབྱུང་སྟེ། འདི་ནི་གང་ཟག་དང་པོའོ། །༢ རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་ལྡན་པའི་གང་ཟག་དེ་ལྟ་བུ་ནི་གཉིས་པའོ། །༣ ཕྱིར་མི་འོང་བ་ནི་གསུམ་པའོ། །༤ དགྲ་བཅོམ་པ་ནི་བཞི་པའོ། །གང་ཟག་བཞི་པོ་འདི་རྣམས་ནི་རྟེན་དུ་གྱུར་པའོ། ། |
| Domain | ཆོས་ལུགས། |