28247

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་པའི་ཆོས་འཛིན་པ་ན་འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་མ་དད་པ་དང་། ངོ་ཚ་མེད་པ། ཁྲེལ་མེད་པ། ལེ་ལོ་ཅན། དྲན་པ་ཉམས་པ། སེམས་གཅིག་ཏུ་མི་ཐུབ་ཅིང་སེམས་འཁྲུགས་པར་འགྱུར་བའོ། ། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་རྣམས་འཐབ་པ་དང་། མཚང་འདྲུ་བ། འཁོན་པ། རྩོད་པར་འགྱུར་རོ། ། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་ཁ་ཅིག་ཚུལ་འཆོས་ཤིང་སྡིག་པ་ལ་ལྟ་བས་འཆོས་པས་ཞི་གནས་ཙམ་ལ་བརྟེན་ཅིང་བཀའ་ལུང་སྟོན་པའོ། ། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་རྣམས་ཚུལ་ཁྲིམས་ཉམས་བཞིན་དུ་འཆི་བའི་དུས་བྱེད་པ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་སྐུར་པ་འདེབས་སོ། ། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་ཁྱིམ་བདག་གིས་རབ་ཏུ་བྱུང་བ་ལ་བྱ་བ་བྱས་པས། དེ་དག་ནི། ལུས་དང་བྲལ་ཏེ་ཤི་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་ལྷར་སྐྱེའོ། །རབ་ཏུ་བྱུང་བ་དག་ནི། མང་དུ་ངན་སོང་དུ་ལྷུང་ངོ་། །
Domain ཆོས་ལུགས།

{{#arraymap:དམ་པའི་ཆོས་འཛིན་པ་ན་འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་ལྔ་

|; |@@@ | | }}