28258
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ ཐོས་པ་ལས་བྱུང་བའི་ཡིད་ལ་བྱེད་པའི་དམིགས་པ། ༢ བསམས་པ་ལས་བྱུང་བའི་ཡིད་ལ་བྱེད་པའི་དམིགས་པ། ༣ བསྒོམས་པ་ལས་བྱུང་བའི་ཡིད་ལ་བྱེད་པའི་དམིགས་པ། ༤ ཡིད་ལ་བྱེད་པ་གསུམ་པོ་དེ་དག་ཉིད་ཀྱི་སྦྱོར་བའི་ཚེ་ཡང་ཟང་ཟིང་གི་ལོངས་སྤྱོད་ཀྱི་ཟང་ཟིང་གི་ལོངས་སུ་སྤྱོད་པ་ཁོང་དུ་ཆུད་པ། ༥ ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་གཞན་ལས་དུས་དུས་སུ་འཐོབ་པ། ༦ མཐར་ཐུག་པའི་ཚེ་ཡང་བདག་ཉིད་མངོན་པའི་ང་རྒྱལ་མེད་པས་ཆུད་ཟ་བར་མི་འགྱུར་བ། ༧ གཞན་ལ་མངོན་པའི་ང་རྒྱལ་མེད་པས་ཆུད་ཟ་བར་མི་འགྱུར་བའོ། ། |
Domain | ཆོས་ལུགས། |
{{#arraymap:དམ་པའི་ཆོས་རྣམ་པར་གཞག་པའི་རྒྱུ་བདུན་
|; |@@@ | | }}