28270
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། དོན་ལས་སུ་རུང་བའི་རྣལ་འབྱོར་པ་ལ་སྐྱེ་བའི་རྟགས་ནི་བཅོ་བརྒྱད་དེ། མདོ་འགྲེལ་མུན་པའི་གོ་ཆ་ལས། དངོས་སྤྱོད་ཡུལ་ནི་སངས་རྒྱས་དང་དམ་པ་བྱང་ཆུབ་སེམས་དཔའ་མང་པོ་བདག་གི་འདུན་ན་འཁོད་པ་མཐོང་བ་དང༌། དེ་དག་གི་སྟོན་པར་བདག་གྱུར་ནས་དེ་ལ་ཆོས་སྟོན་པར་མཐོང་བ་དང༌། སྐད་ཅིག་ལ་བདག་ཉིད་ལ་བུདྡྷའི་སྤྲུལ་པ་གྲངས་མེད་པར་འགྱེད་པར་མཐོང་བ་དང༌། རྒྱལ་དམ་པས་གསུངས་པའི་བསྟན་པ་ཀུན་གསལ་བར་རྟོགས་པ་དང༌། དུས་སྔ་ཕྱི་ཀུན་གསལ་ཞིང་ཤེས་པ་དང༌། འགྲོ་བ་དྲུག་གི་ལམ་ལ་གནས་པ་ཀུན་གང་དུ་སྐྱེ་བ་དྲུང་ན་འཁོད་པ་བཞིན་མཐོང་བ་དང༌། དེ་དག་ཉམ་ཐག་པ་ལ་སྙིང་རྗེ་ཆེན་པོ་རང་དབང་མེད་པར་བྱིན་རླབས་ཀྱིས་སྐྱེ་བ་དང༌། ཀུན་སྣང་ཉིན་མོ་དང་མཚན་མོ་མེད་པར་གསལ་བར་མཐོང་བ་དང༌། བདག་གི་ལུས་བྲག་དང་རི་ལ་མི་རྡུགས་པར་ཐོགས་མེད་འགྲོ་བ་དང༌། ནམ་མཁའ་ལ་ས་ལ་བྱ་བ་བཞིན་འགྲོ་ཞིང་འདུག་པ་དང༌། དམ་པའི་ཕྱོགས་བཅུའི་རྒྱལ་བས་ཕྱག་བརྐྱངས་ནས་བདག་གི་སྤྱི་བོར་བཞག་ནས་ལུང་བསྟན་པ་མཐོང་བ་དང༌། འགྲོ་བ་ཀུན་གྱི་སྐད་དང་མཐུན་པར་ཆོས་སྟོན་སྨྲ་ཤེས་པ་དང༌། སྣོད་བཅུད་དངོས་པོ་བརྟན་གཡོ་རིལ་བདག་ལ་བཀུར་སྟི་དང་ཕྱག་བྱེད་པ་མཐོང་བ་དང༌། འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་པར་བཀོད་པ་མཐོང་བ་དང༌། དེ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་བདག་གི་སེམས་ཉིད་གསལ་བར་སྣང་བར་རྟོགས་པ་དང༌། ཏིང་ངེ་འཛིན་ལས་སུ་རུང་བས་ཅི་ལའང་ཐོགས་པ་མེད་པར་སྙམ་བྱེད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་འགྲོ་བའི་དོན་ལ་ཆོས་སྟོན་ཅིག་པར་བདག་ལ་ལས་བསྒོ་བར་མཐོང་བ་དང༌། ཚངས་པ་དང༌། བརྒྱ་བྱིན་ལ་སོགས་པའི་འཇིག་རྟེན་གཙོ་བོ་རྣམས་བདག་ལ་མཆོད་པ་འབུལ་བར་མཐོང་བའོ། །འདི་དག་ཅིར་སྣང་ཡང་སེམས་ཉིད་རང་བཞིན་གྱི་འོད་གསལ་བར་རྟོགས་ནས། མི་འཛིན་དགའ་བར་མི་བྱེད་ན་དམ་པའི་རྟགས་བཅོ་བརྒྱད་དོ། །གང་དེ་ལྟར་མ་ཤེས་ཏེ་དངོས་པོར་ཞེན་པས་དགའ་བར་བྱེད་ན་དེ་ཁོ་ན་ཉིད་མཐོང་དུ་མི་སྟེར་ལོག་པའི་བདུད་ཆེན་པོ་བས། བདུད་ཀྱི་སྤྱོད་ཡུལ་ཁས་བླངས་པའི་དོན་བཤད་པའོ། །དེ་བས་ན་རྟགས་དང་བདུད་ནི་ཐུན་མོང་བར་བསྟན་པའོ། །ཞེས་པ་ལྟར་འདི་དག་ལ་མི་འཛིན་ཞིང་ཞེན་ཆགས་མ་བྱས་ན་དམ་པའི་རྟགས་བཅོ་བརྒྱད་དུ་གསུངས། |
Domain | ཆོས་ལུགས། |
{{#arraymap:དམ་པའི་རྟགས་བཅོ་བརྒྱད་
|; |@@@ | | }}