28272

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་པར་འཇུག་པར་བྱ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསང་སྔགས་ཐེག་པར་འཇུག་པའི་ཐབས་བཅུའམ་ཆོས་ཀྱི་རྣམ་གྲངས་བཅུ་རུ་གསུངས་པའི་ཡ་གྱལ་ཞིག་ཡིན། གདུལ་བྱ་དག་དངོས་སམ་བརྒྱུད་ནས་གསང་བ་དམ་པའི་ལམ་དུ་འཇུག་པའི་ཚུལ་ཏེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དམ་པ་རྣམས་ཀྱི་རྗེས་སུ་ཇི་ལྟར་འཇུག་པར་བགྱི། ཞེས་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་དམ་པ་རྣམས་ཀྱི་རྗེས་སམ་ཤུལ་ནི། གང་ངེས་པར་སྔར་སངས་རྒྱས་པར་གཤེགས་པའི་ལམ་དམ་པ་གསང་སྔགས་ཐེག་པ་ཆེན་པོའི་སྙིང་པོ་ཆོས་ཀྱི་དབྱིངས་ཡང་དག་པར་རྟོགས་པ་ལ་བྱའོ། །ཞེས་གསུངས། དེ་ལ་དབྱེ་ན་ལོག་ལྟ་ཅན་དག་གསང་བའི་ལམ་དུ་གཞུག་ལུགས་ལྡེམ་དགོངས་ཀྱིས་བསྟན་པ། ངེས་པའི་ལམ་དུ་འཇུག་ལུགས་མ་འདྲེས་ཡོངས་རྫོགས་སེམས་ཀྱི་གསང་ལམ་དུ་བསྟན་པའོ། །
Domain ཆོས་ལུགས།

{{#arraymap:དམ་པར་འཇུག་པར་བྱ་བ་

|; |@@@ | | }}