From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དམ་པོ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ལྷོད་པོའི་ལྡོག་ཟླ་སྟེ། རས་སོགས་ཚགས་དམ་པའམ་བར་མཚམས་ཞིབ་པའི་དོན།
|
| Example
|
ཕྲུག་ཚགས་དམ་པོ། དེ་ལས་དམ་པ་ཞིག་དགོས། ཕྲུག་ཚགས་དམ་ཤོས་ལ་གོང་ག་ཚོད་རེད་ལྟ་བུ།
|
| Antonyms
|
ལྷོད་པོ།
|
| Adj Com Sup (?)
|
དམ་པོ། དམ་པ། དམ་ཤོས།
|
དམ་པོ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
སྒྲིག་ལམ་བཙན་པོའམ་དམ་པོའི་དོན།
|
| Example
|
དགོན་པའི་སྒྲིག་ལམ་དམ་པོ། གཞུང་གི་སྒྲིག་ལམ་དམ་པོ་ལྟ་བུ།
|
| Antonyms
|
ལྷོད་པོ།
|
དམ་པོ་ (3)
| Part of speech
|
རྒྱན་ཚིག
|
| Definition
|
ཚིག་དོན་གོ་དཀའ་བའི་དོན།
|
| Example
|
གསུང་ཁ་དམ་པོ། རྩོམ་ཁ་དམ་པོ། གཞུང་ཁ་དམ་པོ་ལྟ་བུ།
|
དམ་པོ་ (4)
| Part of speech
|
རྒྱན་ཚིག
|
| Definition
|
སྣོད་སོགས་ཀྱི་ཁ་ཆུང་བའི་དོན།
|
| Example
|
སྣོད་ཁ་དམ་པོ། སྒྱེ་ཁ་དམ་པོ་ལྟ་བུ།
|
དམ་པོ་ (5)
| Part of speech
|
རྒྱན་ཚིག
|
| Definition
|
སྐད་ཆ་གང་བྱུང་མི་བཤད་པའི་དོན།
|
| Example
|
མི་དེ་ཁ་དམ་པོ་ཞིག་རེད་ལྟ་བུ།
|
| Antonyms
|
ཁ་མང་པོ།
|
དམ་པོ་ (6)
| Part of speech
|
རྒྱན་ཚིག
|
| Definition
|
དངུལ་སོགས་བེད་སྤྱོད་གཏོང་བར་སེར་སྣ་བྱེད་པའི་དོན།
|
| Example
|
བཀྲ་ཤིས་ཀྱི་ལག་པ་དམ་པོ་རེད། ལག་པ་དམ་པོ་ཚོ་དང་མཉམ་དུ་ཟ་ཁང་དུ་མི་འགྲོ་ལྟ་བུ།
|
| Antonyms
|
ཡངས་པོ།
|