28290
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་དགོངས་པ་འདུས་པའི་ལེའུ་དྲུག་ཅུ་རེ་དྲུག་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དང་འདི་ནས་མཇུག་མཐའ་ལེའུ་དོན་ལྔ་བར་རྒྱུད་ཕྱི་མའི་ཕྱི་མར་ཡང་བཞེད། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་མཚན་དང་མདོ་གང་དུ་བསྡུས་པར་བགྲོ་བ་ལས། བསླབ་པའི་མཐའ་བཅུའི་དང་པོ་གཞི་དམ་ཚིག་གཟུང་བ་དེར་ཅིག་ཆར་བ་བསྲུང་དུ་མེད་པའི་དམ་ཚིག་དང་། རིམ་གྱིས་པའི་དམ་ཚིག་རིས་སུ་བསྲུང་བར་གདམས་པ་དང། དམ་ཚིག་གི་སྣོད་དང། ཆེ་བའམ་ཐུབ་པའི་ཡོན་ཏན་དང། ངོ་བོའི་སྒོ་ནས་དབྱེ་བ་དང། ཉམས་པའི་སྐྱོན་དང། སྐོང་ཐབས་དང། ཇི་ལྟར་བསླབ་པ་གཅེས་པར་གདམས་པ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། |
Domain | ཆོས་ལུགས། |
{{#arraymap:དམ་ཚིག་གསང་བ་མཆོག་གི་ལེའུ་
|; |@@@ | | }}