28302
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་བ་སྔགས་ཀྱི་དམ་ཚིག་ལས་མི་སྤང་བའི་དམ་ཚིག་ལྔ་ལ་སོགས་ལ་རབ་ཏུ་གནས་ཏེ་སྤྱད་པས་དམན་པའི་ངན་སྤྱོད་དང་ཉོན་མོངས་བཅས་མ་དག་པའི་སྣང་བ་ཡོད་ཚད་དག་སྣང་སྐུ་དང་ཡེ་ཤེས་སོགས་ཀྱི་རྣམ་པར་བསྒྱུར་བ་དེ་ཡིན་ལ། དེ་ལ་དབྱེ་ན་གཉིས་ཏེ། འགུ་ཡ་ལས། དམ་ཚིག་དག་གི་ཆེ་བ་ནི། དམན་པའི་སྤྱོད་པ་མ་ལུས་ཀུན། ཚོགས་སུ་འགྱུར་བའི་ཆེ་བ་དང་། འདུལ་སྡོམ་ཚང་བའི་ཆེ་བའོ། །ཞེས་པས། གསང་སྔགས་ཀྱི་དམ་ཚིག་ལ་ཚོགས་སུ་འགྱུར་བའི་ཆེ་བ་དང་། འདུལ་སྡོམ་ཚང་བའི་ཆེ་བ་གཉིས་ཡོད་པར་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:དམ་ཚིག་གི་ཆེ་བ་
|; |@@@ | | }}