28305
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དམ་ཚིག་དྲིལ་བུའི་མཚན་ཉིད་ནི་རྒྱུད་གཉིས་ལས་དངོས་བསྟན་གསལ་བར་མ་གསུངས་ཀྱང་། གདན་གཞིར། སྦྱོར་བའི་གདན་གྱི་རབ་ཏུ་བྱེད་པ་དང་པོར། རྡོ་རྗེ་རྩེ་ལྔ་པའི་མཚན་ཉིད་གསུངས་ནས། དེ་མ་ཐག་དྲིལ་བུའི་མཚན་ཉིད་བསྟན་པའི་སྐབས་སུ། སྟེང་དུ་རྡོ་རྗེ་པདྨོ་དག ། ཇི་ལྟར་མངོན་བཞིན་བསམ་པར་བྱ། །ཞེས་པ་རྡོ་རྗེ་ཕྱེད་པ་རྩེ་ལྔ་པས་མཚན་པའི་དྲིལ་བུ་བཤད་པས་བསྟན་ལ། དེའི་དབྱིབས་ཚད་རྒྱུ་ལ་སོགས་པ་སྤྱིར་བསྟན་པའི་གནས་སྐབས་བཞིན་ལས། ཁྱད་པར་དུ། རྡོ་རྗེའི་ཕྲེང་བ་གཉིས་ཀྱི་བར་དྲ་བ་ཕྱེད་དམ་འཁོར་ལོའི་ཕྲེང་བ་གང་རུང་བྱ་ཞིང་། དབུ་རྩེ་ནི་རྡོ་རྗེ་ཕྱེད་པ་རྩེ་ལྔ་པའི་དབྱིབས་སུ་བྱའོ། །ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་སྔགས་གཅེས་ནོར་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དམ་ཚིག་གི་དྲིལ་བུ་
|; |@@@ | | }}