28308
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། དམ་ཚིག་ཀུན་གྱི་འདུས་མདོའམ་མདོ་རྩ་བཞི་ལ་གོ་བ་ཡིན་ལ། གྲངས་ནི་རང་བཞིན་གྱི་དམ་ཚིག ལྟ་བའི་དམ་ཚིག སྒོམ་པའི་དམ་ཚིག སྤྱོད་པའི་དམ་ཚིག་དང་བཞིར་བཞེད་དེ། འགུ་ཡ་ལས། མདོ་ཡི་ངེས་པའི་ཚིག་བསྟན་པ། རང་བཞིན་ལྟ་བ་སྤྱོད་པ་དང། སྒོམ་པ་དང་ནི་བཞིར་བཤད་པས། བསྲུང་བྱའི་དོན་རྣམས་མ་ལུས་པར། འདི་ཉིད་དུ་ནི་འདུས་པ་ལ། དམ་ཚིག་མདོ་ཞེས་བཤད་པའོ། །ཞེས་པས་སོ། །དེ་ཡང་བསྲུང་བྱའི་རྩ་ལག་གི་དམ་ཚིག་མང་དུ་གསུངས་ཀྱང་འདི་བཞི་ནི་དམ་ཚིག་ཐམས་ཅད་ཀྱི་འདུས་མདོའམ་མདོ་རྩ་ཡིན་ལ་འདི་བཞི་ལའང་འདུས་པས་དམ་ཚིག་གི་མདོ་ཞེས་བྱའོ། ། |
Domain | ཆོས་ལུགས། |
{{#arraymap:དམ་ཚིག་གི་མདོ་བཞི་
|; |@@@ | | }}