28320

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་ཚིག་ཉི་ཤུ་རྩ་བདུན་ (1)
Part of speech མིང་ཚིག
Definition སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ལས་བྱུང་བ་སྟེ། དང་པོ་སྐུའི་དམ་ཚིག་སུམ་ཚན་གྱི་ཕྱིའི་གསུམ་ནི། ༡ རིམ་པར་མ་བྱིན་ལེན་སྤོང་བ། ༢ མི་ཚངས་སྤྱོད་སྤོང་བ། ༣ སྲོག་གཅོད་སྤོང་བའོ། ནང་གི་གསུམ་ནི། ༡ ཕ་མ་རྡོ་རྗེ་སྤུན་སྲིང་དང་རང་ལུགས་སྨོད་པ་སྤོང་བ། ༢ ཆོས་དང་གང་ཟག་ལ་སྨོད་པ་སྤོང་བ། ༣ རང་ལུགས་ལ་རྡེག་འཚོག་དང་དཀའ་ཐུབ་ཀྱིས་བརྙས་ཤིང་གདུང་བ་སྤོང་བའོ། །གསང་བའི་གསུམ་ནི། ༡ རྡོ་རྗེ་སྤུན་སྲིང་གི་ལུས་ལ་རྡེག་པར་གཟས་ཤིང་རྒྱན་ལ་སྨོད་པ་སྤོང་བ། ༢ རྡོ་རྗེ་མཆེད་ལྕམ་ལ་རྡེག་པ་དང་བླ་མའི་ཡུམ་ལ་གཙེས་པ་སྤོང་བ། ༣ བླ་མའི་གྲིབ་མར་འགོངས་པ་དང་སྤྱན་སྔར་ལུས་ངག་སྤྱོད་པ་བག་མེད་པ་སྤོང་བའོ། །གསུང་གི་དམ་ཚིག་གསུམ་ཚན་གྱི་ཕྱིའི་གསུམ་ནི། ༡ རྫུན་ཚིག་སྤོང་བ། ༢ ཕྲ་མ་སྤོང་བ། ༣ གཞན་གྱི་ཞེར་འདེབས་ཀྱི་ཚིག་སྨྲ་བ་སྤོང་བའོ། །ནང་གི་གསུམ་ནི། ༡ ཆོས་ཀྱི་ཚིག་སྨྲ་བ་ལ་གཤེ་སྐུར་འདེབས་པ་སྤོང་བ། ༢ དོན་ཡིད་ལ་བསམ་པ་ལ་གཤེ་སྐུར་འདེབས་པ་སྤོང་བ། ༣ གནས་ལུགས་སྒོམ་པར་བྱེད་པ་རྣམས་ལ་གཤེ་སྐུར་འདེབས་པ་སྤོང་བའོ། །གསང་བའི་གསུམ་ནི། ༡ རྡོ་རྗེ་སྤུན་སྲིང་གི་ཚིག་བརྙས་ཤིང་གཅོག་པ་སྤོང་བ། ༢ བླ་མའི་ཕྱག་རྒྱ་དང་ཉེ་འཁོར་གྱི་ཚིག་བརྙས་ཤིང་གཅོག་པ་སྤོང་བ། ༣ བླ་མའི་གསུང་རྣམས་ལ་བརྙས་ཤིང་གཅོག་པ་སྤོང་བའོ། །ཐུགས་ཀྱི་དམ་ཚིག་སུམ་ཚན་གྱི་ཕྱིའི་གསུམ་ནི། ༡ གནོད་སེམས་སྤོང་བ། ༢ བརྣབ་སེམས་སྤོང་བ། ༣ ལོག་ལྟ་སྤོང་བའོ། ནང་གི་གསུམ་ནི། ༡ སྤྱོད་པ་ལོག་པ་བག་མེད་པ་སྤོང་བ། ༢ སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ་སྤོང་བ། ༣ ལྟ་བ་ལོག་པ་རྟག་ཆད་མཐར་འཛིན་སྤོང་བའོ། །གསང་བའི་གསུམ་ནི། ༡ ཉིན་ཞག་གི་ཐུན་རེ་རེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡིད་ལ་མ་བྱས་པ་སྤོང་བ། ༢ ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ་སྤོང་བ། ༣ བླ་མའི་རྣལ་འབྱོར་དང་མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མ་བྱས་པ་སྤོང་བ་བཅས་སོ། །
Domain ཆོས་ལུགས།

{{#arraymap:དམ་ཚིག་ཉི་ཤུ་རྩ་བདུན་

|; |@@@ | | }}