28331

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་ཚིག་དབང་གི་མཆེད་ལྕམ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་མཚན་ལྡན་གྲོགས་ལ་བསྙེན་པར་བྱ་བའི་གནས་ཏེ། དེ་ཡང་སེམས་བཟང་ཁོང་ཡངས་ཀྱི་ངང་གཤིས་དང་ལྡན་ཞིང་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་མ་ཉམས་པ་ཕུན་སུམ་ཚོགས་པ། ལྟ་སྒོམ་ཟབ་མོའི་གདེངས་དང་ལྡན་ལ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་སྲས་སུ་གྱུར་ཅིང་། ཡི་དམ་གྱི་ལྷ་དང་དཔོན་གསས་བླ་མ་ཕྱི་ནང་གསས་མཁར་གྱི་བོན་སྡེ་རྣམས་ལ་དངོས་འབྱོར་ཟང་ཟིང་གི་མཆོད་པ་ཆགས་མེད་དུ་འབུལ་བར་བྱེད་པའི་སྐལ་ལྡན་དོན་གཉེར་ཅན་གང་དག་ལ་བྱ་བ་ཡིན་ཏེ། འགུ་ཡ་ལས། དམ་ཚིག་དབང་གི་མཆེད་ལྕམ་ནི། སེམས་བཟང་ཁོང་ཡངས་ངང་དང་ལྡན། དམ་ཚིག་མི་ཉམས་ཕུན་སུམ་ཚོགས། ལྟ་སྒོམ་དོོན་དང་ལྡན་པ་དང། སྐུ་གསུང་ཐུགས་ཀྱི་སྲས་བྱེད་ཅིང་། ལྷ་དང་དཔོན་གསས་མཁར་ལ། ཆགས་མེད་ཟང་ཟིང་མཆོད་འབུལ་བ། དེ་ནི་མཆེད་ལྕམ་མཚན་ལྡན་ཡིན། ཞེས་པས་སོ། །དེ་ལ་མིང་གཞན་ཡང་གཡུང་དྲུང་མཆེད་ལྕམ་ཞེས་བྱ། འདིར་གཡུང་དྲུང་ཞེས་པ་དམ་ཚིག་ལ་འགྱུར་བ་མེད་པའི་དོན་ཅན་ཡིན་ལ། མཆེད་ལྕམ་ནི། ལྟ་སྒོམ་སོགས་ཀྱི་དམ་ཚིག་ཟབ་མོ་དང་ལྡན་པའི་ལས་སྐལ་ཅན་གྱི་བུ་དང་བུ་མོ་དེ་རིགས་སོ། །
Domain ཆོས་ལུགས།

{{#arraymap:དམ་ཚིག་དབང་གི་མཆེད་ལྕམ་

|; |@@@ | | }}