28347

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་ཚིག་རྩ་བ་བཅུ་བཞི་དང་རྗེས་སུ་མཐུན་པའི་ཡན་ལག་བརྒྱད་ (1)
Part of speech མིང་ཚིག
Definition ༡ དབང་མ་ཐོབ་ཅིང་ཐོབ་ཀྱང་ཉམས་པས་དམ་ཚིག་མེད་པ། གསང་མི་ཐུབ་པ། རང་ཉིད་ལ་མི་དད་ཅིང་མཚན་ཉིད་མི་ལྡན་པའི་རིག་མ་བསྟེན་པ་དང་པོ་འདི་ནི་གཙོ་བོར་ཁྱིམ་པ་རྡོ་རྗེ་འཛིན་པའི་དབང་དུ་བྱས་པའོ། ། ༢ ཚོགས་འཁོར་གྱི་སྐབས་སུ་གྲལ་དང་བཟའ་བཏུང་ལ་རྩོད་པས་མཚོན་དཀྱིལ་འཁོར་སྒྲུབ་མཆོད་སྦྱིན་སྲེག་རབ་གནས་སོགས་སྔགས་ཀྱི་སྤྱོད་པའི་དུས་སུ་འཁྲུགས་ལོང་བསྐྱེད་པ། ༣ རྒྱུད་ནས་མ་གསུངས་ཤིང་སྨད་པའི་རིག་མ་ལས་ཕྱི་ནང་གི་དམ་ཚིག་བདུད་རྩི་བླངས་པ། ༤ དད་པ་དང་ལྡན་པས་གདམས་ངག་ཞུས་པའི་དུས་ལ་ལོངས་སྤྱོད་མེད་པའམ། དཔེ་མཁྱུད་ཀྱིས་མི་སྟོན་པ། ༥ གཞན་གྱིས་ཆོས་ཀྱི་དྲི་བ་དྲིས་པ་ལ་ལན་མི་ལྡོན་པར་ཀུ་རེ་རྩེ་མོའི་གཏམ་སྨྲ་བའམ། སྔགས་དྲིས་པ་ལ་མདོ་ཆོས་བཤད་པ་ལྟ་བུ། ༦ ཐེག་ཆེན་ལ་མི་དད་པའི་ཉན་ཐོས་ཀྱི་སྡེའི་ནང་དུ་ཞག་བདུན་འདས་པར་འདུག་པ། ༧ གསང་སྔགས་ཀྱི་ཚུལ་ཕྱི་ནང་གཞན་གསུམ་དང་ཟུང་འཇུག་གི་རྣལ་འབྱོར་མི་ཤེས་ཀྱང་ཕྱིའི་བྱ་བ་དང་བསྐྱེད་རིམ་ཙམ་ཤེས་པས་ང་ནི་སྔགས་འཆང་རྡོ་རྗེ་འཛིན་པའོ་ཞེས་མངོན་པའི་ང་རྒྱལ་གྱིས་རློམས་པ། ༨ སློབ་མ་རིན་པོ་ཆེ་ལྟ་བུ་ལ་སློབ་བཤད། ཙནྡན་ལྟ་བུ་སོགས་ལ་ཚོགས་བཤད། སྣོད་དང་མི་ལྡན་པ་ལ་ཐུན་མོང་ཙམ་འཆད་དགོས་པ་ལ་དེ་ལས་ལྡོག་སྟེ་གསང་བ་བསྒྲགས་པའོ། །
Domain ཆོས་ལུགས།

{{#arraymap:དམ་ཚིག་རྩ་བ་བཅུ་བཞི་དང་རྗེས་སུ་མཐུན་པའི་ཡན་ལག་བརྒྱད་

|; |@@@ | | }}