2835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཉེས་བག་མ་ (1)
Part of speech མིང་ཚིག
Definition བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། བུ་མོ་སུ་ཞིག་རང་ལོའི་སྲོག་ཁམས་ཀྱི་དགྲ་ཁམས་ཡིན་པའི་སྤར་ཁའི་སྟེང་དུ་བབས་སྤར་འབབ་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་བ་ཡིན། བག་མ་དེ་རིགས་རང་ཉིད་ལ་ན་བའི་སྡུག་བསྔལ་འོང་བ་མ་ཟད། ཁྱོ་སར་ངན་ཞིང་འོག་རྟ་འཆི་བར་འགྱུར་བས། བཅོས་སུ་བག་ལ་རྫོང་དུས་ཕོ་ཆས་བསྐོན་པ་དང་། ཏིང་འཛིན་རྒྱལ་པོའི་གཟུངས་འདོན་དགོས།
Example རང་ལོ་སྟག་གམ་ཡོས་ཡིན་པའི་བུ་མོ་སུ་ཞིག་མོ་ལོ་ཉེར་བདུན་ལ་བུད་པར་ཆ་བཞག་ན། དུས་དེར་འབབ་པའི་བབས་སྤར་དྭའི་ཁམས་ལྕགས་ནི་རང་ལོའི་སྲོག་ཁམས་ཤིང་གི་དགྲ་ཡིན་པས། བུ་མོ་དེ་ཉིད་ལོ་དེར་གནས་ལ་འགྲོ་བའི་བག་མ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:ཁ་ཉེས་བག་མ་

|; |@@@ | | }}