28362

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་ཚིག་སྲོག་གི་འཁོར་ལོ་ (1)
Part of speech མིང་ཚིག
Definition བླ་མ་དྲག་པོའི་ལས་ཚོགས་ཐེམ་ཡིག་མེད་པའི་སྐོར་ལས། རྒྱལ་བསེན་བསྲུང་བའི་འཁོར་ལོ་དང་། དམ་ཚིག་སྲོག་གི་འཁོར་ལོ་ཤིན་ཏུ་ཟབ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། འདི་ལྟར་ཟབ་མོའི་ལས་ཚོགས་ཕྲ་དང་རྒྱས༔ ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མ་ལ༔ སྐལ་ལྡན་ཐུགས་ཀྱི་སྲས་དང་ཕྲད་ནས་ཀྱང༔ འགྲོ་དོན་བསྟན་པ་མཐའ་རུ་རྒྱས་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གདན་དྲངས། འདིའི་ནང་དོན་ལ། དུས་ཀྱི་ཐ་མར་གྱུར་པའི་ཚེ་རྒྱལ་འགོང་གིས་སེམས་ཅན་ཀུན་གྱི་སྲོག་ལ་སྤྱོད་པ་དང་། ཆོས་མཛད་རྣམས་ལ་བར་ཆད་བྱེད་པས་དེ་བཟློག་པའི་ཐབས་སུ་སྔགས་པ་དམ་ཚིག་དང་ལྡན་ཞིང་དྲག་པོའི་བསྙེན་ཚད་འཁྱོལ་བས་དམ་ཚིག་སྲུང་བའི་འཁོར་ལོ་འདི་ཇི་ལྟར་བྲི་བའི་ཚུལ་བསྟན།

{{#arraymap:དམ་ཚིག་སྲོག་གི་འཁོར་ལོ་

|; |@@@ | | }}