28373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་རྒྱ་ (1)
Part of speech མིང་ཚིག
Definition ཐེལ་ཙེ། གཞུང་སྒེར་ལས་ཁུངས་ཀྱི་ལས་རྟགས་དང་མིང་། ཤིང་དང་འགྱིག་རིགས་སོགས་ལ་བརྐོས་ཡོད་པའི་ལག་ཆ་ཞིག།
Example དམ་རྒྱ་ཅན་གྱི་མགྲོན་ཤོག ལས་ཀ་ཁྲིམས་མཐུན་ཡིན་པའི་ཡིག་ཆར་དམ་རྒྱ་ཡོད།
Type ཞེ་ས།
དམ་རྒྱ་ (2)
Part of speech མིང་ཚིག
Definition ཁྲིམས་རྒྱ། ལས་གང་ཞིག་བྱེད་ཆོག་མིན་གྱི་ཁྲིམས་ཀྱི་རྒྱའམ་སྒྲིག་ལམ།
དམ་རྒྱ་ (3)
Part of speech མིང་ཚིག
Definition ཁྲིམས་ཀྱི་དམ་རྒྱ་ལས་བརྒལ་མི་རིགས། ཁྲིམས་ཀྱི་དམ་རྒྱ་བསྡམས་པ།
དམ་རྒྱ་ (4)
Part of speech མིང་ཚིག
Definition དཔང་རྒྱ། ཕན་ཚུན་ཁ་འཆམ་གྲོས་མཐུན་གྱིས་བཞག་པའི་ཆོད་དན་གན་ཡིག
དམ་རྒྱ་ (5)
Part of speech མིང་ཚིག
Definition དམ་རྒྱ་ནི་ལུས་ཀྱི་བཅའ་བ་ལག་གཉིས་མཉམ་གཞག་གི་ཕྱག་རྒྱ་བཅིང་། ངག་ཏུ་ཨོཾ་སརྦ་བི་ཏ་སོགས་ལན་གསུམ་བརྗོད། སེམས་ཀྱིས་རང་གཙོ་བོའི་ཐུགས་ཀར་ཧུྃ་ལས་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་ཞིག་བསྐྱེད་ལ་ལྷ་སྐུ་སྣང་སྟོང་དབྱེར་མེད་མིག་ཡོར་དང་མཚུངས་པ་དང་ནམ་མཁའ་དང་མཉམ་པར་བསྒོམས། དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་དམ་རྒྱ་རིམ་བཞིན་བཅའ་ཞིང་། སྔགས་ལན་གསུམ་བརྗོད་ལ་དེའི་ཚེ་ལྷ་དེ་དང་དེའི་ཐུགས་ཀར་ཧུྃ་ལས་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་རེ་ལམ་ལམ་བྱུང་བར་བསམ་ལ་ཆོས་ཐམས་ཅད་བདག་མེད་པར་བསྒོམས་པས་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་བདག་ཏུ་བཟུང་བས་བསྡུས་པ་བཤིག་སྟེ་རྒྱས་གདབ་པའི་ལྷ་དམིགས་ཡུལ་དུ་འཛིན་པ་དེ་མིག་ཡོར་དང་མཚུངས་ཤིང་ནམ་མཁའ་དང་མཉམ་པར་བསྒོམ་པར་བྱ་སྟེ། རྟོག་པ་དང་པོའི་ཕྱག་རྒྱ་བཞི་པ་ལས། རང་གི་དབང་པོ་བཤིག་ནས་ནི། །རྡོ་རྗེ་བཅིང་བས་གཟུང་བར་བྱ། །དེ་ཡིས་ཕྱག་རྒྱ་གང་རེག་པ། །དེ་མ་ཐག་ཏུ་དབང་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།