28383

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་ལས་མི་ལྡོག་པའི་སློབ་མ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། བདེན་ཚིག་མི་འགྱུར་བཀའ་ལ་ཉན། དམ་ལས་མི་ལྡོག་སློབ་མ་སྟེ། སྙིང་ནས་བརྩེ་བས་གྲོགས་སུ་བླང་། ཞེེས་གསུངས་པས། དེ་ཡང་སློབ་དཔོན་སོགས་ཀྱིས་བདེན་པའི་བཀའ་ཚིག་གིས་དམ་བཅར་བཅུག་པ་གང་ཞིག་ལས་མི་འདའ་བར་ཇི་ལྟར་བསྒོས་པའི་དོན་ལ་ཉན་ཏེ་བརྩོན་པའི་སློབ་མ་སྟེ། དེ་ཉིད་ལ་སྙིང་ནས་བརྩེ་བའི་སྒོ་ནས་རང་གི་གྲོགས་སམ་འཁོར་གྱི་སློབ་མ་རུ་བླང་བར་བྱ་བའི་གནས་སུ་བསྟན་ཏོ། །
Domain ཆོས་ལུགས།

{{#arraymap:དམ་ལས་མི་ལྡོག་པའི་སློབ་མ་

|; |@@@ | | }}