2839

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཊྭཱཾ་ག་ (1)
Part of speech མིང་ཚིག
Definition བོད་སྐད་དུ་བསྒྱུར་ན་ཡན་ལག་དྲུག་པ་ཞེས་བྱ་བ་ལྷ་ཡི་ཕྱག་མཚན་ཞིག་སྟེ། རྗེའི་འདོད་འཇོ་ལས། ཕྱག་གསུམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་དཀར་པོ་རྡོ་རྗེས་མཚན་པའོ། །ཞེས་གསུངས། ཟུར་བརྒྱད་ཀྱིས་དུར་ཁྲོད་བརྒྱད། ཡུ་བའི་མར་སྣེ་རྡོ་རྗེ་རྩེ་གཅིག་པས་སྲུང་འཁོར་མེ་རི་དང་བཅས་པ། གསེར་གྱི་བུམ་པས་གཞལ་ཡས་ཁང་། བུམ་པའི་རྩ་བར་བཏགས་པའི་སྣ་ཚོགས་པའི་བ་དན་གྱིས་ཐུགས་ཀྱི་གསང་བ། དྲིལ་ཆུང་གིས་གསུང་གི་གསང་བ། དེ་དག་གང་ལ་ལྡན་པའི་ཁ་ཊྭཱཾ་གས་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ། བུམ་པའི་སྟེང་གི་སྣ་ཚོགས་རྡོ་རྗེས་དམ་ཚིག་གི་འཁོར་ལོའི་སྒོ་མཚམས་མ་བརྒྱད། དེའི་སྟེང་གི་མི་མགོ་རློན་པ་ནག་པོས་ཐུགས་འཁོར་གྱི་དཔའ་བོ་དཔའ་མོ་བཅུ་དྲུག དེའི་སྟེང་གི་མི་མགོ་རྙིང་པ་དམར་པོས་གསུང་འཁོར་གྱི་དཔའ་བོ་དཔའ་མོ་བཅུ་དྲུག དེའི་སྟེང་གི་མི་མགོ་དཀར་པོས་སྐུ་འཁོར་གྱི་དཔའ་བོ་དཔའ་མོ་བཅུ་དྲུག དེའི་སྟེང་གི་རྡོ་རྗེ་ནག་པོ་རྩེ་ལྔ་པའི་ཕྱོགས་རྭ་སྟེང་མ་བཞིས་བདེ་ཆེན་གྱི་འཁོར་ལོའི་ཡུམ་བཞི་དང་འོག་མ་བཞིས་ཡབ་བཞི། དབུས་རྭ་སྟེང་མས་ཡབ། འོག་མས་ཡུམ་སྟེ། མདོར་ན་བདེ་མཆོག་གི་ལྷ་དྲུག་ཅུ་རྩ་གཉིས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་མཚོན། དེ་ཐམས་ཅད་ཀྱང་གཙོ་བོ་ཡེ་ཤེས་ཀྱི་ཆ་ལས་གྲུབ་པ་ཡིན་པའི་ཕྱིར་གཙོ་བོ་ལ་འདུས་པས་ན་ཡབ་མཚོན་ཞིང་སྦས་པའི་ཚུལ་གྱིས་འཛིན་ཅིང་ཐབས་ཤེས་སྦྱོར་བ་མཚོན་ནོ། །རིང་ཐུང་གི་ཚད་ནི་ཁྲུ་གང་ནས་ལུས་ཚད་ཀྱི་བར་གང་བྱས་ཀྱང་རུང་བར་བཤད།
Foreign རྒྱ་གར།

{{#arraymap:ཁ་ཊྭཱཾ་ག་

|; |@@@ | | }}

ཁ་ཊྭཱཾ་ག་ (2)
Part of speech མིང་ཚིག
Definition ཐོ་བ།

{{#arraymap:ཁ་ཊྭཱཾ་ག་

|; |@@@ | | }}

ཁ་ཊྭཱཾ་ག་ (3)
Part of speech མིང་ཚིག
Definition ཕུར་བུ།

{{#arraymap:ཁ་ཊྭཱཾ་ག་

|; |@@@ | | }}

ཁ་ཊྭཱཾ་ག་ (4)
Part of speech མིང་ཚིག
Definition དེ་ཡང་ཁ་ཊྭཱཾ་ག་ནི་མངོན་བརྗོད་ཀྱི་ལེའུ་དགུ་པ་ལས། མཆོད་ཕྱིར་ཐོགས་དང་འབྲེལ་བའི་ཁ་ཊྭཱཾ་ག ། སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྡོ་རྗེ་རབ་ཏུ་འཇིགས་པ། རྡོ་རྗེ་དྲིལ་བུ་རབ་ཏུ་འཕྱང་ཞིང་། སྣ་ཚོགས་པའི་བ་དན་བར་དུ་དཔྱངས་པ། དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་འོག་ཏུ་རྡོ་རྗེ་རྩེ་གཅིག་པ། ཞེས་གསུངས་ཤིང་། ཕག་མོ་ཤེས་རབ་སྣང་བའི་སྒྲུབ་ཐབས་ལས། ཁ་ཊྭཱཾ་ག་ཡུ་བ་དཀར་པོ། མགོ་རྩེ་གཅིག་པ། སྟེང་ནག་པོ་རྩེ་ལྔ་པ་དང་རྗེས་སུ་འབྲལ་བའི་མགོ་བོ་སྐམ་པོ་དང་། རྙིང་པ་དང་། རློན་པ་དང་། སྣ་ཚོགས་རྡོ་རྗེ་དང་། གསེར་གྱི་བུམ་པའི་རྩ་བ་ལ་བཏགས་པའི་དྲིལ་བུ་སྒྲ་སྒྲོགས་པ་དང་ལྡན་པའི་སྣ་ཚོགས་པའི་བ་དན་གྱིས་མཛེས་པར་བྱས་པ། ཞེས་བཤད་པའི་ཡུ་བ་ནི་དབྱུག་པ་དང་། མགོ་རྩེ་གཅིག་པ་ནི་མར་རྩེ་ཡིན་ལ། དབྱུག་པའི་སྟེང་དུ་བུམ་པ་སེར་པོ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་མི་མགོ་གསུམ་བརྩེགས་པ་སྟེ་གསུམ་པོའི་ཁ་དོག་གི་ཁྱད་པར་ནི། ཁྱད་པར་གསལ་བྱེད་ལས། སྐུ་གསུང་ཐུགས་རྣམ་པར་དག་པས། དཀར་པོ་དམར་པོ་ནག་པོའི་མགོ་བོ་གསུམ་དང་ལྡན་པའི་ཁ་ཊྭཱཾ་ག ཞེས་བཤད་ཅིང་། དེ་ཡང་ཡས་རིམ་ནས་སྦྱར་ཏེ། སྟེང་དུ་མི་མགོ་སྐམ་པོ་དཀར་པོ། དེའི་འོག་ཏུ་རྙིང་པ་དམར་པོ། དེའི་འོག་ཏུ་རློན་པ་ནག་པོ་ཞེས་བདག་གི་བླ་མ་བཞེད་པ་ལ་གསུམ་པོ་དེའི་སྟེང་དུ་རྡོ་རྗེ་ནག་པོ་རྩེ་ལྔ་པ་ནི་རྫོགས་པ་གྱེན་དུ་འགྲེང་བ་སྟེ། དྲངས་མ་ཐག་པའི་གཞུང་དག་དང་། ཀོང་ཀ་སྦྱིན་ལ་སོགས་པ་ཐམས་ཅད་ཀྱིིས་རྡོ་རྗེ་རྩེ་ལྔ་པ་མ་གཏོགས་དེའི་ཕྱེད་དུ་བཤད་པ་གཅིག་ཀྱང་མེད་པའི་ཕྱིར་རོ། །

{{#arraymap:ཁ་ཊྭཱཾ་ག་

|; |@@@ | | }}