28391

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་སྲི་མའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་སུ་སྤང་བྱའམ་འདོར་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སེར་སྣ་ཆེ་ལ་ཆགས་འཛིན་དམ། དགེ་བའི་གག་ཤིང་དམ་སྲིའི་གྲོགས། མཚན་དང་མི་ལྡན་སྤང་བར་བྱ། ཞེེས་གསུངས་པས། དེ་ལ་ཡང་མཚན་ཉིད་དམ་ངོ་བོ་སྟོན་ཏེ། རང་གི་ལོངས་སྤྱོད་ལ་སེར་སྣ་ཆེ་བས་མཆོད་སྦྱིན་གཏོང་མི་ཕོད་པར་ཆགས་ཞེན་དམ་པའམ་ཆེ་ཞིང་། རྣམ་དཀར་དགེ་ལས་ཀྱི་མཐུན་རྐྱེན་ལ་བར་ཆོད་བྱེད་པའི་བུད་མེད་རྟེན་ཅན་ཏེ། དེ་ལྟར་མཚན་དང་མི་ལྡན་པས་སྤང་བྱའི་གྲོགས་སུ་བསྟན་ཏོ། །དེ་ལ་ཡང་དམ་སྲི་མ་ཞེས་པ་ནི། སྒོ་གསུམ་བྱ་སྤྱོད་ཀྱི་སྒོ་ནས་བརྗོད་པ་ཡིན་པར་མངོན་ནོ། །
Domain ཆོས་ལུགས།

{{#arraymap:དམ་སྲི་མའི་གྲོགས་

|; |@@@ | | }}