28392

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམ་སྲིའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་སུ་སྤང་བྱའམ་འདོར་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སེར་སྣ་ཕྲག་དོག་ཆགས་པ་ཆེ། འཛིན་པས་བཅིང་པ་དམ་སྲིའི་གྲོགས། ཞེེས་གསུངས་པས། དེ་ལ་ཡང་མཚན་ཉིད་དམ་ངོ་བོ་སྟོན་ཏེ། མཆོད་སྦྱིན་གཏོང་བར་སེར་སྣ་ཆེ་ལ་གཞན་གྱི་མཛད་བཟང་སོགས་བློ་ངོར་མི་འབབ་པའི་སེམས་ཁོང་དོག་ཅིང་། འདོད་ལོག་སྤྱོད་པར་ཆགས་སྲེད་ཆེ་བའི་ཕོའི་རིགས་ཀྱི་གྲོགས་ཏེ། དེ་ལྟར་མཚན་དང་མི་ལྡན་པས་སྤང་བྱའི་གྲོགས་སུ་བསྟན་ཏོ། །དེ་ལ་ཡང་དམ་སྲི་ཞེས་པ་ནི། སྒོ་གསུམ་བྱ་སྤྱོད་ཀྱི་སྒོ་ནས་བརྗོད་པ་ཡིན་པར་མངོན་ནོ། །
Domain ཆོས་ལུགས།

{{#arraymap:དམ་སྲིའི་གྲོགས་

|; |@@@ | | }}