28399

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམག་གི་གནམ་སྒོ་ (1)
Part of speech མིང་ཚིག
Definition གནམ་སྒོ་བཅུའི་ནང་གསེས་ཤིག་སྟེ། བཞི་གསུམ་ཞེས་པ་ཟླ་བ་དག་གི་ཚེས་བཞི་དང་། བཅུ་བཞི། ཉེར་བཞི་བཅས་ལ་ཟེར་ཞིང་། ཚེས་དེ་དག་ཏུ་དམག་དྲངས་ན་གཡུལ་ཕམ་ཞིང་གཡུལ་ཉེས་ལན་དགུ་ཟློ་བས་སྤང་དགོས། གནམ་སྒོ་འདིའི་སྒྲིབ་བཅོས་ལ་བཻ་དཀར་ལས་བཞི་གསུམ་དམག་སྒོ་སྒྲིབ་པ་ན། །དམག་དཔོན་མིང་གཟུགས་བཙོན་དུ་བཟུང་། །གོ་ཆའི་སྣེ་མོ་མེ་ལ་བསྲེག ། རྟ་ཕོའི་རྣ་བའི་རྩེ་མོ་གཅོད། །སྐྱ་མི་ཕྱིན་ཁ་ལྡོན་ལ་བསྐྱོན། །གྲི་མདུང་བཞི་དང་དར་འཕྱར་ཞིང་། །ཨོཾ་མ་ཙི་ལ་ཁྲོཾ་རེ་ཁྲ་ནག་པོ་སོད། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འདོན། །ཞེས་གསུངས་འདུག
Domain རྩིས་རིག

{{#arraymap:དམག་གི་གནམ་སྒོ་

|; |@@@ | | }}