28401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམག་གི་ནང་དུ་གནས་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་དྲུག་སྡེས་མཉན་ཡོད་ནས་སོང་སྟེ་རི་བྲག་པ་དང་ཉེ་བར་དམག་གི་ནང་ན་གནས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་ངམ་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དམག་གི་མཚན་ཉིད་དུ་གྲུབ་པའི་ནང་དུ་གནས་ཏེ་དགོས་པ་མེད་པའི་མཚན་མོ་གཅིག་ཡན་ཆད་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དེ་དག་མེད་པར་དེར་ཉིན་མཚན་གཉིས་ལས་ལྷག་པར་འདུག་ནའོ། །ཞེས་པས་བསྟན། ངོ་བོ་ནི། དགོས་པ་ཁྱད་པར་ཅན་མེད་བཞིན་དུ་དགེ་སློང་གིས་དམག་གི་ནང་དུ་ཞག་གཉིས་ལས་ལྷག་པར་འདུག་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དམག་གི་ནང་དུ་གནས་པའི་ལྟུང་བྱེད་

|; |@@@ | | }}