28426

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམག་དཔོན་རིན་པོ་ཆེའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། བདེ་བར་གཤེགས་པ་སྟེ་ཚོགས་གཉིས་ཀྱི་ལམ་བདེ་བ་ནས་འབྲས་བུ་སྐུ་བཞིར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ། འཁོར་ལོས་སྒྱུར་རྒྱལ་ཁྱིམ་བདག་གམ་དམག་དཔོན་རིན་པོ་ཆེ་སྟེ་མདོག་སྨུག་ནག མཁས་པ་གསལ་བ། ལྷའི་མིག་དང་ལྡན་པ། མིག་དེས་དཔག་ཚད་འཁོར་ཡུག་ཏུ་བདག་པོ་ཡོད་པ་དང་མེད་པའི་ནོར་གྱི་གཏེར་དག་ཀྱང་མཐོང་སྟེ། བདག་པོ་མེད་པའི་ནོར་གྱིས་རྒྱལ་པོའི་དགོས་པ་བྱེད། ཕ་རོལ་གྱི་གཡུལ་ལས་རྒྱལ་བར་བྱེད་པ་ཁྲབ་དང་རལ་གྲི་ཕུབ་འཛིན་པ་འདི་ཕུལ་བས། བདག་སོགས་རྣམས་བདག་དང་བདག་གིར་འཛིན་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སོགས་མི་མཐུན་པའི་ཕྱོགས་ཀྱི་དགྲ་ཐམས་ཅད་ལས་རྒྱལ་བར་གྱུར་ནས་གཡུལ་ལས་རྒྱལ་བ་ལྟར་ལུང་རིགས་རྣམ་དག་གི་སྒོ་ནས་ལྟ་བ་ངན་པའི་ཕས་ཀྱི་རྒོལ་བ་སུན་ཕྱུང་ཞིང་ཚར་གཅོད་པ་སྟེ། བདག་ཏུ་འཛིན་པ་བཅོམ་ནས་སྙེམས་པ་དང་བྲལ་ཞིང་གང་ལ་ཡང་མི་འཇིགས་པའི་མཆོག་ནི་ཐོབ་པར་ཤོག་ཅིག་ཅེས་པའོ། །ཁཏྒ་རཏྣ་དམག་དཔོན་རིན་པོ་ཆེའོ། །ཕྱག་རྒྱ་ནི་གཡོན་རྡོ་རྗེ་ཁུ་ཚུར་གོ་ཆ་འཛིན་པ་ལྟར་སྙིང་གར་འཛིན་ཅིང་གཡས་མཆོག་སྦྱིན་བྱ་བ་དམག་དཔོན་གྱི་ཕྱག་རྒྱའོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:དམག་དཔོན་རིན་པོ་ཆེའི་ཕྱག་རྒྱ་

|; |@@@ | | }}