28431

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམག་ནང་དུ་གནས་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་དགོས་པ་མེད་པར་དམག་མཚན་ཉིད་པའི་ནང་ཉིན་གཉིས་ཀྱི་མཚན་མོ་འདས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དམག་མཚན་ཉིད་པའི་ནང་དུ་དགོས་པ་མེད་པར་མཚན་མོ་གཉིས་འདས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། དྲུག་སྡེས་མཉན་ཡོད་ནས་སོང་སྟེ་རི་བྲག་པ་དང་ཉེ་བར་དམག་གི་ནང་ན་གནས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་ངམ་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དམག་ནང་དུ་གནས་པའི་ལྟུང་བྱེད་

|; |@@@ | | }}