28460
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དམག་ལ་བལྟས་པ་ལས་ལྟུང་བྱེད་དུ་གསུངས་སོ། །དགག་བྱ་ནི་རང་གཞན་གྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་རྒྱལ་པོ་ལ་སོགས་པས་བོས་པ་མེད་པར་དམག་མཚན་ཉིད་དང་ལྡན་པ་དངོས་སུ་འཐབ་པའམ། འཐབ་པའི་སྟ་གོན་དུ་གནས་པ་ལ་དགེ་སློང་རང་ཉིད་གནས་ཁང་ན་འདུག་གམ། དབྱེ་ཐང་ཀ་ན་འདུག་ཀྱང་རུང་སྟེ། རང་གང་ན་འདུག་པ་དེའི་ཉེ་འཁོར་ལས་འདས་ཏེ་བལྟས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། གཡུལ་ལ་མངོན་པར་དགའ་བའི་དམག་ལ་བལྟ་བའི་དོན་ཉིད་ཀྱིས་སོ། །ཞེས་པ་ནས། འཕགས་པ་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་ནའོ། ཞེས་པས་བསྟན། ངོ་བོ་ནི། རྒྱལ་པོ་སོགས་ཀྱིས་བཀུག་པ་དང། འཇིགས་པའི་དབང་གིས་མ་ཡིན་པར། དགེ་སློང་གིས་དགེ་འདུན་གྱི་མཚམས་ཀྱི་ཉེ་འཁོར་ལས་འདས་ཏེ་དམག་གི་ཚོགས་ལ་བལྟ་བའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:དམག་ལ་ལྟ་བའི་ལྟུང་བྱེད་
|; |@@@ | | }}