28494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམན་པ་ (1)
Part of speech རྒྱན་ཚིག
Definition དམན་གྱི་བསྡུར་རིམ་གཉིས་པ། རིགས་དང་ཡོན་ཏན་སོགས་ཞན་པའམ་ངན་པའི་དོན།
Example རིགས་དམན་པ། ཡོན་ཏན་དམན་པ། ལག་རྩལ་དམན་པ་ལྟ་བུ།
དམན་པ་ (2)
Part of speech རྒྱན་ཚིག
Definition སྤུས་ཀ་མི་བཟང་བའམ་ངན་པ་དང་ཞན་པ།
Example རས་ཀྱི་རྒྱུ་སྤུས་དམན་པ། ཅ་ལག་གི་རྒྱུ་སྤུས་དམན་པ། ཅུང་ཟད་དམན་པ་ལྟ་བུ།
དམན་པ་ (3)
Part of speech རྒྱན་ཚིག
Definition རིག་པ་རྟུལ་བའམ་བློ་མི་རྣོ་བ།
Example གང་ཟག་དབང་བོ་དམན་པ། ལྟ་བུ།
དམན་པ་ (4)
Part of speech རྒྱན་ཚིག
Definition ཉམ་ཐག་པ།
Example ཁྱོད་ནི་དམན་པ་རྣམས་གྱི་མགོན་ལྟ་བུ།
དམན་པ་ (5)
Part of speech རྒྱན་ཚིག
Definition ཆུང་བ།
Example བསོད་ནམས་དམན་པ། ཐོས་པ་དམན་པ་ལྟ་བུ།
དམན་པ་ (6)
Part of speech རྒྱན་ཚིག
Definition ཚད་མ་ལོངས་པའི་དོན་ཏེ། མན་ངག་རྒྱུད་ལས། དམན་པ་ནི་ནད་མ་སོད་པར་སྨན་ནུས་ཟད་པ་དཔེར་ན་བྱང་གཡག་སྟེ་འབྲོང་གཤོར་བ་ན་གཡག་ཤོར་རྟ་ཆད་པ་དང་འདྲའོ། ཞེས་གསུངས་སོ།
Domain གསོ་རིག
དམན་པ་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་པའི་བཅུ་གསུམ་པ་འདྲ་བའི་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། གང་གི་རིགས་པ་སྨྲ་བའི་རྣམ་དཔྱོད་ལས། །ཕན་སེམས་ཞན་པས་ཕུར་བའི་སྣང་ཚུལ་དམན། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག
དམན་པ་ (1)
Part of speech མིང་ཚིག
Definition བརྗོད་པ་གསལ་བ་དང་། སྒྲ་རྩུབ་པ་སོགས་སྲོག་གི་རླུང་ཁ་ནས་ཤུགས་ཆེ་བར་འབྱིན་པའི་ཡི་གེའི་སྒྲ་གདངས་རྩུབ་པ་ལ་དམན་པ་ཟེར།
Domain སྒྲ་རིག་པ།