28498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམན་པ་ས་བརྒྱད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ཐེག་པ་དམན་པའི་གང་ཟག་གི་རྒྱུད་ཀྱི་སྦྱོར་ལམ་ནས་བཟུང་མི་སློབ་པའི་བར་གྱི་མངོན་རྟོགས་རྣམ་པ་བརྒྱད་ལ་འཇོག དེ་ལ་ནང་གསེས་ཀྱི་དབྱེ་བ་བརྒྱད་ཡོད་པ་སྟེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དམན་པ་ས་བརྒྱད་ཡོད་དེ། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། སྲབས་པའི་ས། འདོད་ཆགས་དང༌བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། རང་སངས་རྒྱས་ཀྱི་ས་རྣམས་ཡིན་པའི་ཕྱིར། དེ་རྣམས་ཀྱི་ངོས་འཛིན་ཡོད་དེ། ཞི་བ་བགྲོད་པ་གཅིག་པུ་བའི་ཉན་ཐོས་ཀྱི་སྦྱོར་ལམ་སོགས་བརྒྱད་པོ་དེ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དམན་པ་ས་བརྒྱད་

|; |@@@ | | }}