28500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམན་པའི་ལྷག་མེད་མྱང་འདས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་ལུགས་ཀྱི་ཉོན་མོངས་པའི་ཀུན་འབྱུང་དང་། སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ཞི་བའི་དམན་པའི་འགོག་པ་ནི་དམན་པའི་ལྷག་མ་མེད་པའི་མྱང་འདས་སོ། །ཞེས་གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། མཚན་ཉིད་ནི། ཉོན་མོངས་པའི་ཀུན་འབྱུང་སྤངས་ཤིང་དགྲ་བཅོམ་དང་པོར་ཐོབ་པའི་ལུས་རྟེན་དང་བྲལ་བའི་དམན་པའི་སོ་སོར་བརྟགས་འགོག་གོ ། ཞེས་ཀུན་མཁྱེན་གོ་རམས་པས་ཡུམ་དོན་རབ་གསལ་ལས་གསུངས། ཉོན་མོངས་པའི་ཀུན་འབྱུང་མ་ལུས་པར་སྤངས་ཤིང་། ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་བའི་དམན་པའི་སོ་སོར་བརྟགས་འགོག་གོ ། དེ་ནི་སྐུ་ཚེའི་འདུ་བྱེད་བཏང་བའི་བརྟགས་འགོག་ལྟ་བུའོ། །
Domain ཆོས་ལུགས།

{{#arraymap:དམན་པའི་ལྷག་མེད་མྱང་འདས་

|; |@@@ | | }}