28526

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སུམ་ཅུ་པ་ཡིན། བརྗོད་བྱ་ནི། འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་བསྐྱེད་བཟླས་ཀྱི་དམིགས་རྣམ་དང་འཕོ་བའི་ཉམས་ལེན་རྣམས་བསྡུས་ཏེ་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་ཡུམ་མཆོག་བདག་མེད་མ། གྲུབ་ཆེན་ཚེམ་བུ་བ་དང་སྤྱི་ལྷས་པ། བྲག་དམར་པ་དང་ལྷ་བཙུན་དགོན་གསེར་བ། ཐུགས་རྗེ་བརྩོན་འགྲུས་ཆོས་རྗེ་ཤེས་རབ་འབུམ། རྒྱལ་སྲས་རྒྱ་མ་པ་དང་ལོ་གྲགས་རྒྱལ། དཀོན་མཆོག་རྒྱལ་མཚན་ཀུན་དགའ་མཆོག་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཆོས་རྗེ་ཤེར་འབུམ་པའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཁྲིད་

|; |@@@ | | }}