28527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་གཉིས་པ་ཡིན། བརྗོད་བྱ། ཟླ་རྒྱལ་ལུགས་གྱི་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་བསྐྱེད་བཟླས་དང་རྗེས་ཁྲིད་འཕོ་བ་བཅས་ཀྱི་དམིགས་རྣམ་སྐྱོང་ཚུལ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། སྤྱན་རས་གཟིགས་དབང་བྱང་སེམས་ཟླ་རྒྱལ་མཚན། ཞང་རིང་སྐྱི་ཚ་འོད་ཆེན་དབུ་དཀར་བ། མྱ་ངན་མེད་དཔལ་རིན་ཆེན་འོད་ཀྱི་ཟེར། ཞང་སྟོན་འབྲུག་སྒྲ་རྒྱལ་མཚན་གནུར་ཆོས་འཕགས། རྒྱལ་སྲས་རྒྱ་མ་བ་དང་གྲགས་རྒྱལ་བ། དཀོན་མཆོག་རྒྱལ་མཚན་ཀུན་དགའ་མཆོག་གྲུབ་རྗེ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཁྲིད་ཡིག་གཉིས་ཀྱི་སྙིང་པོ་བསྡུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཁྲིད་

|; |@@@ | | }}