28578

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམར་བཙོད་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་རིགས་སྐྱེ་དངོས་ཤིག་སྟེ། རྩ་བ་ལི་དམར་མདོག རིང་ལ་ཚིགས་པ་མང་བའི་དཀྱིལ་དུ་བུ་ག་ཡོད་པ་དང༌། ཕྱིར་སྐྱི་ལྤགས་དཀར་པོས་བཏུམས་པར་ཤུར་རིས་དོད་པ། སྡོང་པོ་གྲུ་བཞི་ལྗང་ལ་ཅུང་རིང་བར་སྤུ་དཀར་རྩུབ་པོས་ཁྱབ་པ་ས་ལ་ཉལ་ཏེ་སྐྱེ་བའམ་ཡང་ན་སྐྱེ་དངོས་གཞན་ལ་འཁྲིལ་ནས་ཁྲུ་གང་ཙམ་སྐྱེ་བ་དང༌། ལོ་མ་ལྗང་སེར་སྙིང་དབྱིབས་ཀྱི་ངར་པ་རིང་བ་ལྔ་དྲུག་ཙམ་བར་མཚམས་བར་མཚམས་སུ་འཁོར་ནས་སྐྱེ་ཞིང་ལོ་མའི་མཐའ་མཉམ་ལ་དྲྭ་བ་འདྲ་བའི་རྩ་རིས་གསལ་པོར་མངོན་པ་དང༌། ལོ་སྡོང་གི་སྤུ་དཀར་ལ་ལག་པ་འཆང་ན་འབྱར་བག་ཟངས་རྩི་དཀར་པོ་འདྲ་བ་ཡོད། མེ་ཏོག་སེར་སྐྱ་ཆུང་བ་འདབ་མ་ལྔ་ལྡན་གདུགས་ཁ་དབྲག་བང་རིམ་དུ་འཆར་ཞིང༌། འབྲས་བུ་སྔོ་ལྗང་ཆུང་ལ་ཧྲིལ་བ་སྨིན་ཚེ་དམར་སྨུག་འོད་དམངས་རྒྱས་པ་སྐམ་ཚེ་ནག་པོར་འགྱུར་གྱི་ཡོད། འབྲིང་བ་དང་ཆུང་བ་གཉིས་ཀྱང་ཕལ་ཆེར་གོང་དང་མཚུངས་ཤིང་དབྱིབས་ཅུང་ཟད་མི་འདྲ་བ་ཡོད་ཀྱང༌། མདོར་ན་ཁ་དོག་དམར་ཞིང་ཚིགས་མང་ལ་ཁུ་བ་ལེགས་པ་བཟང་བ་ཡིན་ཏེ། བོད་ཀྱི་ཉིང་ཁྲི་ས་ཁུལ་དང༌། སྤོ་ཡུལ། གྲོ་མོ། སྐྱིད་གྲོང༌། དེ་བཞིན་ཟི་ཁྲོན་དང༌། ཡུན་ནན་སོགས་ས་གཤིས་དམའ་བའི་ཡུལ་ཕལ་ཆེར་གྱི་རི་ལྡེབས་དང་ཤིང་གསེབ་ཏུ་སྐྱེ་བ་མང༌། ཡལ་ག་དང་རྩ་བ་བོད་ཟླ་བརྒྱད་པ་དགུ་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་དུམ་བུར་གཏུབ་ལ་བསིལ་གྲིབ་ཏུ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་ལྕི་བས་གློ་བ་དང་མཁལ་མའི་ཚ་བ་དང༌། ཁྲག་ཚད་འགྲམས་པ་སོགས་སེལ་ལ། རྒྱུ་ལོང་སོགས་སྣོད་ཀྱི་ཚད་པར་ཡང་ཕན་པ་ཞིག་གོ །

{{#arraymap:དམར་བཙོད་

|; |@@@ | | }}