28616

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམར་ཤཱཀྱ་མུ་ནེ་ (1)
Part of speech མིང་ཚིག
Definition དུས་རབས་དགུ་པའི་སྟོད་དུ་གཡོ་རུ་གན་པ་བྱང་ཐང་དུ་འཁྲུངས། ཆོས་སྒོར་ཞུགས་ཏེ་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་བཞེས། མདོ་སྔགས་གཉིས་ལ་མཁས་པར་སྦྱངས། ཆུ་ཕག་ཕྱི་ལོ ༨༤༣ ལོར་རྒྱལ་པོ་འུ་དུམ་བཙན་པོས་དབུས་གཙང་གི་སངས་རྒྱས་བསྟན་པ་བསྡུས། རབ་བྱུང་བ་རྣམས་ལ་རི་དྭགས་བརྔོན་དུ་བཅུག་པ་མཐོང་། རི་དྭགས་བདའ་མཁན་བཙུན་པ་ཨད་དན་ཅིག་པ་དང་། ལྷ་ལུང་འཚག་པོ། ཞ་སྔ་ཁྱམས་པོ་གསུམ་ལ་རབ་བྱུང་བས་རི་དྭགས་བདའ་དགོས་དོན་དྲིས། བཙུན་པ་གསུམ་གྱིས་རྒྱལ་པོས་དབུས་གཙང་བསྟན་པ་བསྣུབས། རབ་བྱུང་བར་བཀའ་ཆད་ཕོག་པ་རྣམས་ཞུས། དགེ་སློང་དམར་ཤཱཀྱ་མུ་ནེ་དང་། གཡོ་དགེ་བའི་འབྱུང་གནས། གཙང་རབ་གསལ་གསུམ་གྱིས་དམ་ཆོས་འདུལ་བ་དྲེའུའི་ཁལ་གཅིག་བཀལ། མདོ་སྨད་ལྷོ་ངོས་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་ཕེབས། ཤིང་སྟག་ཕྱི་ལོ ༨༩༤ ལོར་བླ་ཆེན་དགོངས་པ་རབ་གསལ་གྱིས་དམར་གཡོ་གཙང་གསུམ་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་ཞུས། བོད་དུ་འདུལ་བསྟན་པ་མི་ནུབ་པའི་ས་བོན་བསྐྲུན། མཁས་པ་མི་གསུམ་གྱི་ཡ་གྱལ་ཞིག་ཡིན།

{{#arraymap:དམར་ཤཱཀྱ་མུ་ནེ་

|; |@@@ | | }}