28650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམིགས་པ་ (1)
Part of speech མིང་ཚིག
Definition ལྟ་བ་དང་བརྟག་པའི་བྱ་མིང།
Example གཟུགས་ལ་དམིགས་པ། ནད་ལ་དམིགས་པའི་སྨན་བརྟེན། རྩྭ་ཆུ་ལ་དམིགས་པའི་མཚེར་སྤོས།
དམིགས་པ་ (2)
Part of speech མིང་ཚིག
Definition མཐོང་བ་དང་རྟོགས་པའི་དོན།
Example མངོན་སུམ་གྱིས་དམིགས་པའི་གཟུགས། སངས་རྒྱས་ཀྱིས་ཡོད་པར་དམིགས་པ། མེད་པར་དམིགས་པ་ལྟ་བུ།
དམིགས་པ་ (3)
Part of speech མིང་ཚིག
Definition ཡུལ་ལ་སེམས་གཏོད་པའམ་ཡིད་ལ་སྒོམ་པའི་དོན།
Example ཡུལ་ལ་དམིགས་པ་རྩེ་གཅིག་པ། དམིགས་པ་མ་ལྷོད་པར་བཞུགས།
དམིགས་པ་ (4)
Part of speech མིང་ཚིག
Definition གཟུང་འཛིན་གཉིས་ཀྱི་གཟུང་བ་ཡུལ་གྱི་དོན།
Example དམིགས་པ་གཅིག་ལ་གཏོད་པ། དམིགས་པ་རྩེ་གཅིག་པ་ལྟ་བུ།