28668

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྤང་བྱ་སྤོང་ཚུལ་བཞིའི་ནང་གསེས་ཤིག་སྟེ། ཕྲ་རྒྱས་རང་གི་དམིགས་པ་བདེན་བཞི་གང་རུང་གི་རང་གི་མཚན་ཉིད་དམ་གནས་ལུགས་ཡོངས་སུ་ཤེས་པས་སྤོང་བ་སྟེ། དཔེར་ན་འགོག་པ་ལ་དམིགས་པའི་ལོག་ལྟ་ལྟ་བུ་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། ལྔ་བཅུ་པོ་རྣམས་ནི་རང་གི་དམིགས་པ་བདེན་པ་བཞི་གང་རུང་ལ་ལོག་པར་ཞུགས་པ་ཡིན་པས་ན་མཐོང་ལམ་ཆོས་བཟོད་དང་ཆོས་ཤེས་ཀྱི་དེ་དག་གི་དམིགས་པ་བདེན་བཞིའི་རང་གི་མཚན་ཉིད་དམ་གནས་ལུགས་ཡོངས་སུ་ཤེས་པས་སྤོང་སྟེ། མཐོ་ཡོར་དུ་ཤེས་པས་མིར་འཛིན་པ་བཟློག་པ་བཞིན་ནོ། །ཞེས་དང་། འདོད་པའི་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་རྣམས་རང་གི་དམིགས་པ་ཡོངས་སུ་ཤེས་པ་དང༌། ཡུལ་ཅན་ཡང་དག་པར་ཟད་པ་གཉིས་ཀས་སྤོང་བ་ཡིན་ལ། འདོད་པའི་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་རྣམས་ཡུལ་ཅན་ཡང་དག་པར་ཟད་པས་སྤོང་བ་ཡིན་ཀྱང་རང་གི་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་མིན་པའི་ཁྱད་པར་ཡོད་པའི་ཕྱིར། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་

|; |@@@ | | }}