28688

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམིགས་པའི་སྒོ་ནས་རྒྱས་པའི་ཟག་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཕྲ་རྒྱས་ཀུན་འགྲོ་རྣམས་ནི་དམིགས་པའི་སྒོ་ནས་རང་སའི་སྤང་བྱ་ཉོན་མོངས་ཅན་རིགས་ལྔ་ཆར་གྱི་ཟག་པ་རྒྱས་པར་འགྱུར་བ་ཡིན་ཏེ། དཔེར་ན་འདོད་པའི་སྡུག་བསྔལ་མཐོང་སྤང་གི་ལོག་ལྟ་དེ་དམིགས་པའི་སྒོ་ནས་འདོད་པའི་སྤང་བྱ་རིགས་ལྔ་ཆར་གྱི་ཟག་པ་རྒྱས་པར་འགྱུར་བ་ཡིན་གྱི་གཞན་གྱི་ཟག་པ་རྒྱས་པར་འགྱུར་བ་མ་ཡིན་པ་བཞིན་ནོ། །ཕྲ་རྒྱས་ཀུན་འགྲོ་མ་ཡིན་པ་རྣམས་ནི་རང་དང་རིགས་གཅིག་པའི་སྤང་བྱ་དེ་ཁོ་ནའི་ཟག་པ་རྒྱས་པར་འགྱུར་བ་ཡིན་གྱི། སྤང་བྱ་གཞན་གྱི་ཟག་པ་རྒྱས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་འགོག་པ་མཐོང་སྤང་གི་ལོག་ལྟ་ཐེ་ཚོམ་ལ་སོགས་པ་རྣམས་སྤང་བྱ་དེ་ཉིད་ཀྱི་ཟག་པ་རྒྱས་པར་འགྱུར་བ་ཡིན་གྱི། སྡུག་བསྔལ་མཐོང་སྤང་སོགས་གཞན་གྱི་ཟག་པ་རྒྱས་པར་འགྱུར་བ་མ་ཡིན་པ་བཞིན་ནོ། །
Domain ཆོས་ལུགས།

{{#arraymap:དམིགས་པའི་སྒོ་ནས་རྒྱས་པའི་ཟག་པ་

|; |@@@ | | }}