28704

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམིགས་རྐྱེན་ (1)
Part of speech མིང་ཚིག
Definition མདོ་སྡེ་བ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། (དམིགས་རྐྱེན་གྱི་མཚན་ཉིད། ) ཆོས་དེ་ཡུལ་གྱི་རྣམ་ལྡན་དུ་དངོས་སུ་སྐྱེད་བྱེད་ཀྱི་ཕྱི་དོན། ཞེས་གསུངས།
Domain ཚད་མ།

{{#arraymap:དམིགས་རྐྱེན་

|; |@@@ | | }}

དམིགས་རྐྱེན་ (2)
Part of speech མིང་ཚིག
Definition དགའ་བྱང་ཡིག་ཆར། དམིགས་རྐྱེན་ཞེས་པ་གཞི་སྔོན་འཛིན་དབང་མངོན་ལྟ་བུ་ལ་སྦྱར་ན་སྔོན་འཛིན་དབང་མངོན་སྔོན་པོའི་རྣམ་པ་ཅན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱི་མཛད་པའི་རྒྱུ་འབྲས་འཁོར་ལོ་ལས། སྔོན་འཛིན་མངོན་སུམ་སྔོན་པོའི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་དེ། མངོན་འཛིན་མངོན་སུམ་གྱི་དམིགས་རྐྱེན་གྱི་མཚན་ཉིད། སྔོན་པོ་དང་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་ན། སྔོ་འཛིན་མངོན་སུམ་གྱི་དམིགས་རྐྱེན་ཡིན་པས་ཁྱབ། ཞེས་གསུངས།

{{#arraymap:དམིགས་རྐྱེན་

|; |@@@ | | }}

དམིགས་རྐྱེན་ (3)
Part of speech མིང་ཚིག
Definition བྱེ་བྲག་སྨྲ་བ། བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། རང་ལ་དམིགས་པའི་རྣམ་ཤེས་ཀྱི་དམིགས་རྐྱེན་བྱེད་པའི་རབ་ཏུ་ཕྱེ་བ། དམིགས་རྐྱེན་གྱི་མཚན་ཉིད། མཚན་གཞི་ནི། འདུས་བྱས་ཀྱི་ཆོས་ཐམས་ཅད་ལྟ་བུ།

{{#arraymap:དམིགས་རྐྱེན་

|; |@@@ | | }}

དམིགས་རྐྱེན་ (4)
Part of speech མིང་ཚིག
Definition མཚན་ཉིད་ནི་ཆོས་གང་ཞིག་བློས་དམིགས་སུ་རུང་བ་སྟེ། འགྲེལ་པར། ཆོས་གང་ཞིག་ཆོས་གང་གི་དམིགས་པ་ཡིན་པའི་ཆོས་དེ་ནི་དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར་ནམ་ཡང་དམིགས་པ་མ་ཡིན་པ་མ་ཡིན་ཏེ་ཞེས་སོ། །ཆོས་རྣམས་ཐམས་ཅད་དེའི་མཚན་གཞིའོ། །སྒྲ་དོན་ནི་གཞི་མཐུན་པའོ། །ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། དམིགས་རྐྱེན་ནི། རང་འཛིན་རྣམ་པར་ཤེས་པའི་དམིགས་པའི་ཡུལ་དུ་གྱུར་པ་དེ་དམིགས་རྐྱེན་གྱི་མཚན་ཉིད་ཡིན་ནོ། །མིག་ཤེས་ཀྱི་དམིགས་རྐྱེན་གཟུགས་ཁམས་ཡིན་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་རྐྱེན་ཆོས་ཐམས་ཅད་ཡིན་པར་ངེས་པར་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །

{{#arraymap:དམིགས་རྐྱེན་

|; |@@@ | | }}