28751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམུ་ལ་བར་སྐྱེ་བར་འགྱུར་བའི་ལས་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་ལ་དད་པ་མི་བྱེད་ལ་ཀུན་ཏུ་བསྔགས་པ་མ་ཡིན་པ་བརྗོད་པས་སྐུར་པ་འདེབས་པར་བྱེད་ཅིང་འཕགས་པའི་ལམ་ལ་བརྙས་པ། ༢ དེ་བཞིན་གཤེགས་པའི་མཆོད་རྟེན་འཇིག་པ། ༣ བར་གྱི་དུས་ནའང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་ཟག་བཞི་པོ་མང་པོར་མི་གུས་པ། མཐུན་པར་མི་འཛིན་པ། ༤ འཇིག་རྟེན་གྱི་སྨྲ་བ་ལྷུར་ལེན་པ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང་། གཅིག་ལ་གཅིག་ཉེས་རྩོམ་གྱིས་གཅིག་ལ་གཅིག་སྐུར་པ་འདེབས་པའི་ཚིག་གིས་རྒྱལ་པོ་དང་། རྗེ་དཔོན་དང་། བློན་པོ་དང་། ཕ་དང་། བུ་རྣམས་གཅིག་ལ་གཅིག་མི་མཐུན་པས་མི་གུས་པ་རྣམས། ༥ མ་འོངས་པའི་དུས་ན་དགེ་སློང་རྣམས་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་སྟོན་པ་ལ་བརྟེན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་བདག་ཉིད་དགེ་སློང་ཡིན་པར་ཁས་འཆེས་ཤིང་དགེ་བའི་ཆོས་ཡང་དག་པར་སྒྲུབ་པ་ལ་མི་གནས་ལ། མཁན་པོ་དང་། སློབ་དཔོན་རྣམས་མགུ་བར་མི་བྱེད་ཅིང་བཀའ་བློ་མི་བདེ་ལ་མཐུན་པར་མི་འཛིན་ཅིང་ཡང་དག་པར་རྗེས་སུ་བསྟན་ཀྱང་རྗེས་སུ་བསྟན་པ་ལ་སྒྲུབ་པར་མི་བྱེད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་སྤོང་བར་བྱེད་ལ། བདག་ལ་བསྟོད་པར་བྱེད། གཞན་ལ་སྨོད་པར་བྱེད་ཅིང་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པའི་ཤས་ཆེ་ལ་བླ་མ་རྣམས་ལ་བརྙས་པར་བྱེད། རྙེད་པ་དང་། བཀུར་སྟི་ལ་ལྷག་པར་ཞེན་ཅིང་སྐུར་པ་འདེབས་པར་བྱེད་པའོ། །
Domain ཆོས་ལུགས།

{{#arraymap:དམུ་ལ་བར་སྐྱེ་བར་འགྱུར་བའི་ལས་ལྔ་

|; |@@@ | | }}