28796

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དམྱལ་བ་ (1)
Part of speech མིང་ཚིག
Definition དམྱལ་བ་ནི་བསྙལ་བ་སྟེ་ཉལ་དུའམ་འགྱེལ་དུ་འཇུག་པའི་དོན་ཡིན་པས་ལུས་ལྕགས་སྲེག་གི་ས་གཞི་ལ་བསྙལ་ནས་སྡུག་བསྔལ་མྱོང་དུ་འཇུག་པས་ན་དམྱལ་བ་ཞེས་བྱའོ། །

{{#arraymap:དམྱལ་བ་

|; |@@@ | | }}

དམྱལ་བ་ (2)
Part of speech མིང་ཚིག
Definition མདོ། རིགས་དྲུག་གི་ནང་གསེས་སུ་གྱུར་པའི་དམྱལ་བ་ནི། རྒྱུ་ཞེ་སྡང་དང་མཚམས་མེད་ཀྱི་ལས་བསགས་པས། འབྲས་བུ་བདེ་བ་དང་བྲལ་ཞིང་ཤིན་ཏུ་ཡ་ང་བའི་ཚ་གྲང་གི་སྡུག་བསྔལ་རྒྱུན་དུ་མྱོང་བའི་ངན་འགྲོའི་ནང་ཚན་ཞིག་སྟེ། ཀུན་འབྱུང་དབྱིངས་དག་གི་རྒྱུད་ལས། དམྱལ་བ་བདེ་མེད་བསྐལ་པའི་གྲངས། ཚ་གྲང་བཙོ་སྲེག་གཅོད་གཏུབས་བྱེད། མགོན་མེད་རང་ལས་ཟད་ན་ཐོན། ཞེས་གསུངས་པ་ལྟར། བདེ་བ་མེད་པར་བསྐལ་པ་མ་འཇིག་གི་བར་དུ་ཚ་གྲང་གི་སྡུག་བསྔལ་དང་ཁྲོ་ཆུ་ཁོལ་མའི་ནང་དུ་བཙོ་སྲེག་ལ་སོགས་པའི་སྡུག་བསྔལ་སྟེར་བ་དང་། རྟག་ཏུ་སྡུག་བསྔལ་དེ་ལས་སྐྱོབས་པའི་མགོན་དང་དཔུང་གཉེན་བྱེད་པའི་གྲོགས་མེད་པ་དང་། རང་རང་གི་ལས་བསགས་པའི་འབྲས་བུ་སྡུག་བསྔལ་ནམ་མ་ཟད་ཀྱི་བར་དུ་གནས་དེ་ལས་ཐར་པའི་དུས་མེད་པ་བསྟན་པའོ། །དེ་ལ་ཡང་ནང་གསེས་རིགས་དྲུག་ཡོད་སྟེ། མདོ་བར་ཏི་ཀ་ལས། དམྱལ་བའི་ལྷ། དམྱལ་བའི་ལྷ་མ་ཡིན། དམྱལ་བའི་མི། དམྱལ་བའི་ཡི་དྭགས། དམྱལ་བའི་བྱོལ་སོང་། དམྱལ་བའི་དམྱལ་བ་དང་དྲུག་གསུངས་སོ། །
Domain ཆོས་ལུགས།

{{#arraymap:དམྱལ་བ་

|; |@@@ | | }}